འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཐི་རོམ་ཕུ་ཡིས"ཆ་རྐྱེན་འོས་འཚམས"བྱུང་ན་ཅིན་ཀྲེང་ཨེན་དང་ལྷན་འཛོམས་གནང་འདོད་
    ཡོད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་03ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཐི་རོམ་ཕུ་ཡིས'ཆ་རྐྱེན་འོས་འཚམས'བྱུང་ན་ཅིན་ཀྲེང་ཨེན་དང་ལྷན་འཛོམས་གནང་འདོད་
ཡོད་ཅེས་བརྗོད་པ།
           མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་1ཉིན། ཨ་རིའི་ཙུང་ཐུང་ཐི་རོམ་ཕུ་ཡིས"ཆ་རྐྱེན་འོས་འཚམས"བྱུང་ན་བྱང་ཁོ་རེ་ཡའི་ཆེས་མཐོའི་འགོ་ཁྲིད་པ་ཅིན་ཀྲེང་ཨེན་དང་ལྷན་འཛོམས་གནང་འདོད་ཡོད་ཅེས་བརྗོད་པ་རེད།
            ཐི་རོམ་ཕུ་ཡིས་ཕེང་པོ་གསར་འགྱུར་ཁང་(Bloomberg News)གི་བཅར་འདྲི་དང་ལེན་བྱེད་སྐབས་བསམ་ཚུལ་འདི་ཉིད་བརྗོད་པ་རེད། ཁོང་གིས་ཆབ་སྲིད་མི་སྣ་མང་ཆེ་བས་ཅིན་ཀྲེང་ཨེན་དང་ལྷན་འཛོམས་གནང་རྒྱུ་ཞེས་བརྗོད་མི་ཐུབ། འོན་ཀྱང་། ཆ་རྐྱེན་འོས་འཚམས་བྱུང་དུས། ཁོ་རང་གིས་བློ་ཐག་རྦད་བཅད་ངང་འདི་ལྟར་བྱེད་འདོད་ཡོད་ངེས་ཅེས་བརྗོད་པ་རེད།
            དེ་རྗེས་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་སི་ཕའེ་སའེ་ཡིས། ཙུང་ཐུང་ཐི་རོམ་ཕུ་ཡི་བསམ་ཚུལ་འདི་ཉིད་ལ་གཞིགས་ཏེ་གསར་འགོད་པར། ཨ་མེ་རི་ཁ་དང་བྱང་ཁོ་རེ་ཡ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ལྷན་འཛོམས་གནང་བའི་གོ་སྐབས་ད་དུང་སླེབས་མེད་པས། ཨ་རི་ཕྱོགས་ནས་ད་དུང་བྱང་ཁོ་རེ་ཡ་ཕྱོགས་ཀྱིས་འཁྲུག་སློང་གི་བྱ་སྤྱོད་དངོས་ནས་ཉུང་དུ་གཏོང་བར་བལྟ་དགོས་ཞེས་བརྗོད།
            ཟླ་4ཚེས་26ཉིན། ཨ་རིའི་གཞུང་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱིས་བཀག་སྡོམ་དང་ཕྱི་འབྲེལ་གཉིས་ཟུང་སྦྲེལ་གྱི་རྣམ་པའི་ཐོག་ནས་ཁོ་རེ་ཡ་གླིང་ཕྲན་ཕྱེད་མའི་ཉིང་རྡུལ་མཚོན་ཆ་མེད་པ་མངོན་འགྱུར་བྱེད་རྒྱུ་དང་། ཨ་རི་ཕྱོགས་ཀྱིས་གྲོས་མོལ་ལ་བརྟེན་ནས་ཕྱོགས་གཉིས་ཀའི་དམིགས་ཡུལ་འདི་ཉིད་མངོན་འགྱུར་བྱེད་པར་སྒོ་མོ་ཕྱེ་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།