འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སློབ་ཆེན་གྱི་འཐུས་མི་ཚོགས་པས་བོད་རང་སྐྱོང་ལྗོངས་ཀྱི་སློབ་ཆེན་སློབ་མའི་
    དམངས་ཡོངས་དཔེ་ཀློག་གི་ཤེས་བྱ་འགྲན་བསྡུར་ནང་ཨང་དང་པོ་བླངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་03ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་སློབ་ཆེན་གྱི་འཐུས་མི་ཚོགས་པས་བོད་རང་སྐྱོང་ལྗོངས་ཀྱི་སློབ་ཆེན་སློབ་མའི་
དམངས་ཡོངས་དཔེ་ཀློག་གི་ཤེས་བྱ་འགྲན་བསྡུར་ནང་ཨང་དང་པོ་བླངས་པ།
          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་དང་། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་། གུང་གཞོན་ཚོགས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཙོ་གཉེར་གནང་བའི"སྤྲོ་སེམས་ཆེན་པོའི་ངང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྔུན་བསུའི་བོད་ལྗོངས་ཀྱི་སློབ་ཆེན་སློབ་མའི་དམངས་ཡོངས་དཔེ་ཀློག་གི་ཤེས་བྱ་འགྲན་བསྡུར"སྤེལ་བ་རེད།
          འགྲན་བསྡུར་དུ་ཞུགས་པའི་རུ་ཁག་དྲུག་ཡོད་ལ། བགྲོ་གླེང་མཁན་24ཡོད། ཁོང་ཚོ་ནི་བོད་ལྗོངས་སློབ་ཆེན་དང་། བོད་ལྗོངས་མི་རིགས་སློབ་ཆེན། བོད་ལྗོངས་ཆེད་ལས་ལག་རྩལ་སློབ་གྲྭ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ། བོད་ལྗོངས་ཉེན་རྟོག་མཐོ་རིམ་ཆེད་ལས་སློབ་གྲྭ་བཅས་ནས་ཡིན་པ་རེད། འགྲན་ཞུགས་སློབ་མ་ཚོས"གློག་རྡུལ་དཔེ་ཀློག་དང་ཤོག་དེབ་དཔེ་ཀློག་གཉིས་ལས་གང་བཟང་མིན"དང་། "དཔེ་ཀློག་ནི་གསུང་རབ་གྲགས་ཅན་ཀློག་དགོས་སམ་དུས་རབས་ཀྱི་རྗེས་སྙེགས་པའི་དཔེ་དེབ་ཀློག་དགོས་སམ"ཞེས་པ་བརྗོད་གཞིར་བྱས་ནས་བགྲོ་གླེང་བྱས་ཏེ་དེང་རབས་བོད་ལྗོངས་ཀྱི་སློབ་ཆེན་སློབ་མའི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པར་བྱས་པ་རེད།
          ཐོག་མའི་འགྲན་བསྡུར་དང་། རྟིང་རྩེད་ཕྱེད་མའི་འགྲན་བསྡུར། རྟིང་རྩོད་འགྲན་བསྡུར་བཅས་ཛ་དྲག་ཆེ་བའི་ངང་ནས་བྱས་མཐར། བོད་ལྗོངས་སློབ་ཆེན་གྱི་འཐུས་མི་ཚོགས་པར་ཨང་དང་པོ་ཐོབ་པ་དང་། བོད་ལྗོངས་ཆེད་ལས་ལག་རྩལ་སློབ་གྲྭའི་འཐུས་མི་ཚོགས་པར་ཨང་གཉིས་པ་ཐོབ་པ། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་འཐུས་མི་ཚོགས་པར་ཨང་གསུམ་པ་ཐོབ་པ་རེད། བོད་ལྗོངས་མི་རིགས་སློབ་ཆེན་གྱི་འཐུས་མི་ཚོགས་པ་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭའི་འཐུས་མི་ཚོགས་པ། བོད་ལྗོངས་ཉེན་རྟོག་མཐོ་རིམ་ཆེད་ལས་སློབ་གྲྭ་བཅས་ལ་ཕུལ་བྱུང་ཚོགས་པའི་གཟེངས་རྟགས་ཐོབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།