འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱིས་འབྲུབ་འགོག་ཐན་འགོག་གི་སྲིད་འཛིན་འགན་ཁུར་བའི་གསོ་སྦྱོང་
    འཛིན་གྲྭ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་03ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་27ཉིན་བོད་རང་སྐྱོང་ལྗོངས་ཀྱི་2017ལོའི་འབྲུབ་འགོག་ཐན་འགོག་གི་སྲིད་འཛིན་འགན་ཁུར་བའི་གསོ་སྦྱོང་འཛིན་གྲྭ་དེ་ལྗོངས་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའི་གྲོས་ཚོགས་ལྟེ་གནས་སུ་འཚོགས་པ་རེད།
           རིམ་ཁག་འབྲུབ་འགོག་ཐན་འགོག་སྲིད་འཛིན་འགན་ཁུར་བའི་བཀོད་འདོམས་དང་ཇུས་ཐག་གཅོད་པའི་ཆུ་ཚད་མཐོ་རུ་དང་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་གཏོང་བ་དང་། ཆུ་དཔྱད་རྨང་གཞིའི་ཤེས་བྱ་དང་བོད་ལྗོངས་ཀྱི་ཆུ་དཔྱད་ཁྱད་ཆོས་དང་། གནམ་དཔྱད་ཤེས་བྱ་དང་བོད་ལྗོངས་ཀྱི་གནམ་གཤིས་ཁྱད་ཆོས། བོད་ལྗོངས་ཀྱི་ས་གཤིས་གནོད་འཚེའི་ཁྱད་ཆོས་དང་འགོག་སྲུང་བྱེད་ཐབས། བོད་ལྗོངས་ཀྱི་འབྲུབ་འགོག་ཐན་འགོག་དུས་བབ་དང་དོ་དམ། ཤྭ་འོད་གནོད་འཚེ་འགོག་སྲུང་ཤེས་བྱ། འབྲུབ་འགོག་ཐན་འགོག་གི་འགན་འཁྲིའི་ལམ་ལུགས་སོགས་ལ་དམིགས་ཏེ་གསོ་སྦྱོང་བྱས་པ་རེད།
          བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཐིང་ཀྲང་གཞོན་པ་ཁུང་ཐུང་ལེའང་གིས་གྲོང་ཁྱེར་དང་། ས་ཁུལ། རྫོང་། ཤང་བཅས་ཀྱི་འབྲུབ་འགོག་ཐན་འགོག་གི་སྲིད་འཛིན་འགན་ཁུར་བ་རིམ་དབྱེའི་གསོ་སྦྱོང་ལས་དོན་བཀོད་སྒྲིག་བྱས་ཤིང་། ཁོང་གིས་སློབ་མ་ཚོར་འབྲུབ་འགོག་ཉེན་སེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་བོད་ལྗོངས་ཀྱི་ཐན་ཞོད་ཀྱི་གནོད་འཚེའི་ཉེན་ཁ་དོ་དམ་དང་། འབྲུབ་འགོག་ཐན་འགོག་འཕྲལ་སྡོམ་དོ་དམ། འབྲུབ་འགོག་ཐན་འགོག་རྩ་འཛུགས་དོ་དམ་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཐོག་བོད་ལྗོངས་ཀྱི་འབྲུབ་འགོག་ཐན་འགོག་དུས་བབ་ལ་དབྱེ་ཞིབ་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ལྷུ་ཚིགས་ཁག་དབར་གྱི་འབྲེལ་བ་ཐག་གཅོད་བྱས་ནས་སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པ་དང་སྦྱངས་པ་གོ་ཆོད་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། རང་སྐྱོང་ལྗོངས་ཕྱི་ནང་གི་རིགས་གཅིག་མཁས་ཅན་གྱི་སློབ་ཁྲིད་གནད་ལ་འཁེལ་བ་དང་སློབ་གསེང་སྐབས་སློབ་མ་ཚོས་སློབ་ཁྲིད་དགེ་རྒན་དང་གླེང་མོལ་དང་སྤེལ་རེས་རྒྱ་ཁྱབ་བྱས་པར་གསོ་སྦྱོང་གྲུབ་འབྲས་ཡག་པོ་ཐོབ་ཡོད། སློབ་མ་ཚོས་ད་ཐེངས་ཀྱི་གསོ་སྦྱོང་ནི་ཧ་ཅང་དུས་ཐོག་དང་ནང་དོན་ཆ་ཚང་བ་ཞིག་ཡོད་པས་སླད་ཕྱིན་འབྲུབ་འགོག་ཐན་འགོག་གི་སྲིད་འཛིན་འགན་ཁུར་བས་འགན་འཁྲི་སྒྲུབ་རིང་ཕན་པ་ཆེན་པོ་ཐོབ་རྒྱུ་རེད་ཅེས་བཤད་པ་རེད།
         བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གི་འབྲུབ་འགོག་ཐན་འགོག་ཁག་བགོས་དོ་དམ་བྱེད་མཁན་ཧྲེ་ཀྲང་གཞོན་པ་(ཀྲོན་ཡོན་གཞོན་པ)དང་། ཆུ་བེད་ཅུས་ཀྱི་ཅུས་ཀྲང་། འབྲུབ་འགོག་ཐན་འགོག་ཁག་བགོས་དོ་དམ་གྱི་ལས་སྒོའི་ཅུས་ཀྲང་གཞོན་པ། འབྲུབ་འགོག་ཐན་འགོག་གཞུང་ལས་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ། ཆུ་མཛོད་ཆེ་འབྲིང་གི་འབྲུབ་འགོག་འགན་ཁུར་བ་སོགས་ཚན་པའི་འགན་ཁུར་བས་བརྒྱུད་ལམ་སྣེ་མང་ཅན་གྱི་བརྙན་ལམ་བརྒྱུད་མི་300ལྷག་ཙམ་གསོ་སྦྱོང་ནང་ཞུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།