འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོར་རྒྱལ་ནང་དུ་གོ་ཆོད་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ལྡན་ཚད་ཁྲི་
    བརྒྱ་ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་03ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་26ཉིན་ནི་འཛམ་གླིང་ཤེས་བྱའི་བདག་དབང་ཉིན་མོ་ཨང་17པ་དེ་རེད། 2016ལོར་རང་རྒྱལ་གྱི་ཤེས་བྱའི་བདག་དབང་འཕེལ་རྒྱས་རྣམ་པ་རྒྱུན་འཁྱོངས་ཡག་པོ་བྱུང་ནས་རྒྱལ་ནང་དུ་གོ་ཆོད་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ལྡན་ཚད་ཁྲི་100ལས་བརྒལ་ཡོད། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་ཚེས་25ཉིན་འཚོགས་པའི་རྒྱལ་ཁབ་གསར་འགྱུར་གཞུང་དོན་ཁང་གི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་བྱའི་བདག་དབང་གི་གཙོ་གནད་ཁྱབ་ཁོངས་སྒྱུར་བཅོས་ལ་རང་རྒྱལ་གྱིས་མུ་མཐུད་སྐུལ་འདེད་བཏང་སྟེ་རིན་ཐང་མཐོ་བའི་ཁེ་བེད་བདག་ཐོབ་དང་ཐོག་མའི་ཁེ་བེད་བདག་ཐོབ་གཙོ་གནད་ཐོག་སྐྱེད་སྲིང་བྱས་ནས། སྦྲེལ་ཐག་ཡོངས་ཀྱི་ཤེས་བྱའི་བདག་དབང་གི“སྤུས་འབོར་གཉིས་ཀ་འཕར་རྒྱུར”སྐུལ་འདེད་གཏོང་རྒྱུ་རེད་ཅེས་བརྗོད།
         《“ལོ་ལྔ་ཚན་བཅུ་གསུམ་པའི”རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་དང་བེད་སྤྱོད་འཆར་འགོད་》ནང་ཤེས་བྱའི་བདག་དབང་གི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་ནས་ཁེ་བེད་བདག་ཐོབ་སྤུས་ཚད་མཐོར་གཏོང་འདུ་འགོད་ལག་བསྟར་དང་ཚོང་རྟགས་འཐབ་ཇུས་ལག་བསྟར་བྱས་ཏེ་རྩེར་སོན་པར་དབང་གཏོད་དགོས། 2020ལོར་སླེབས་སྐབས་མི་འབོར་ཁྲི་རེར་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ལྡན་ཚད་2015ལོའི་6.3ནས་12བར་མང་དུ་འགྲོ་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།