འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་གཞི་རིམ་དུ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་28ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

    “སྣང་ཆེན་བཞི་དང་དགའ་ཞེན་བཞི”འཚོ་བ་དང་། ལས་དོན། བྱ་སྤྱོད་བཅས་ཁྲོད་དུ་དོན་འཁྱོལ་བྱེད་པ།
    “སྣང་ཆེན་བཞི་དང་དགའ་ཞེན་བཞི”འཚོ་བ་དང་། ལས་དོན། བྱ་སྤྱོད་བཅས་ཁྲོད་དུ་དོན་འཁྱོལ་བྱེད་པ།
           མི་དམངས་དྲ་བའི་འཕྲིན། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ཡག་པོ་སྤེལ་བ་དེས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་དང་། མཐའ་སྐྱོང་བོད་བརྟན་དང་དམངས་ཕྱུག་བོད་དར་གྱི་རླབས་ཆེན་ལག་ལེན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གསར་གཏོད་བྱེད་པར་གལ་འགངས་ཆེ་བའི་དོན་སྙིང་ཟབ་མོ་ལྡན་ཡོད།
           མིག་སྔར“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་རང་ལྗོངས་སུ་ཕྱོགས་ཡོངས་ནས་སྤེལ་ཞིང་། ཞིང་འབྲོག་ཁུལ་དང་། སློབ་གྲྭ དགོན་སྡེ་བཅས་སུ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་རྣམ་པ་སྣ་ཚོགས་དང་རྒྱ་ཁྱབ་ངང་སྤེལ་ནས་ཞིང་འབྲོག་མང་ཚོགས་དང་། གཞོན་ནུ་ལོ་ཆུང་སློབ་མ། དགོན་སྡེའི་གྲྭ་བཙུན་བཅས་ལ་ཏང་གི་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།
    【1】  【2】  【3】
    གཏིང་སྐྱེས་རྫོང་ཁྱུང་རྩེ་ཤང་གྲོས་སྣ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ཀརྨ་ཡེ་ཤེས་(གཡས་ཀྱི་གཉིས་པ)དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་བློ་བཟང་(གཡོན་གྱི་གཉིས་པ)གྲོང་ཚོ་དེའི་གྲོང་མིའི་ཁྱིམ་དུ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་དོན་སྒྲོག་འགྲེལ་བྱེད་པར་བསྐྱོད་ནས་གྲོང་མིར་ཏང་གི་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སྣེ་ཁྲིད་ཏན་ཏིག་བྱེད་པ།

    གཏིང་སྐྱེས་རྫོང་རྒྱལ་མཁར་གྲོང་རྡལ་དང་རྫོང་ནོར་སྲིད་ཅུས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གིས་དྲེལ་ནག་གྲོང་ཚོར་གྲོང་མི་སྒྲིག་འཛུགས་བྱས་ཏེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ།

    ཕྱོགས་བསྡུས་གསར་འགྱུར།