འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།འབར་མའི་ཀྲུང་གོའི་མཐོ་རིམ་སློབ་གསོའི་འགྲེམས་སྟོན་སྐབས་གསུམ་པ་མན་ཏེ་ལེ་རུ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་03ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་27ཉིན་འབར་མའི་ཀྲུང་གོའི་མཐོ་རིམ་སློབ་གསོའི་འགྲེམས་སྟོན་སྐབས་གསུམ་པ་གྲོང་ཁྱེར་མན་ཏེ་ལེ་རུ་གཉེར་ཞིང་། མན་ཏེ་ལེ་ཞིང་ཆེན་གྱི་འབར་མ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཝུའུ་པོ་མིང་དང་། འབར་མར་སློབ་སྦྱོང་བྱེད་བཞིན་པའི་ཀྲུང་གོའི་སློབ་གྲོགས་ཚོགས་པའི་ཚོགས་གཙོ་ཝུའུ་ཅའོ་ཏན་ཐུན། མན་ཏེ་ལེར་ཡོད་པའི་ཀྲུང་གོ་བའི་ཚོགས་པ་དང་ཀྲུང་གོ་བའི་སློབ་གྲྭའི་འགོ་ཁྲིད། ཧྥུའུ་ཆིང་ཁུང་ཙི་སློབ་ཁང་གི་དགེ་སློབ་སོགས་མི་200ལྷག་ཙམ་བྱེད་སྒོར་ཞུགས་ཡོད།
           ཝུའུ་པོ་མིང་གི་ཤིས་ཚིག་ནང་། ཀྲུང་གོ་དང་འབར་མའི་མཛའ་གྲོགས་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་ཐོག་རྒྱ་སྐད་ཁྱབ་གདལ་གཏོང་རྒྱུ་རང་ཉིད་ཀྱི་འགན་འཁྲིར་བརྩི་བ་དང་ད་ཆ་འབར་མའི་དགོན་སྡེའི་སློབ་གྲྭ་དང་། སྒེར་གྱི་སློབ་གྲྭ ལས་རིགས་སློབ་གྲྭ་ཙམ་མ་ཟད། མཐོ་རིམ་སློབ་གླིང་དུའང་རྒྱ་སྐད་སློབ་ཀྱི་ཡོད། འབར་མ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱིས་སླད་ཕྱིན་ནུས་ཤུགས་ཡོད་རྒུས་རྒྱལ་སྤྱིའི་ཐོག་རྒྱ་སྐད་ཁྱབ་གདལ་བཏང་སྟེ་འབར་ཀྲུང་མཛའ་གྲོགས་འབྲེལ་བར་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
          ཝུའུ་ཅའོ་ཏན་ཐུན་གྱིས་ཀྲུང་གོ་དེ་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་ཨང་གཉིས་པར་གྱུར་ཟིན་པས། ཀྲུང་གོར་སློབ་སྦྱོང་དང་ཟབ་སྦྱོང་ལ་འགྲོ་རྒྱུ་ནི་གོ་སྐབས་ཧ་ཅང་ཡག་པོ་ཞིག་ཡིན། ཀྲུང་གོའི་མཐོ་རིམ་སློབ་གསོའི་འགྲེམས་སྟོན་གཉེར་བ་ནི་དུས་ལ་བབ་པ་དང་དོན་སྙིང་ཟབ་མོ་ལྡན་པ་ཞིག་རེད། འབར་མའི་ན་གཞོན་ཚོས་གོ་སྐབས་དེར་དམ་འཛིན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་མཐོ་རིམ་སློབ་གསོའི་འགྲེམས་སྟོན་ནང་ཞུགས་མཁན་ཀྲུང་གོའི་མཐོ་རིམ་སློབ་གླིང་གྲས་སུ་ཧྲང་ཧའེ་སློབ་ཆེན་དང་། ཏུང་ཧྭ་སློབ་ཆེན། ཧྲང་ཧའེ་གློག་ཤུགས་སློབ་ཆེན། ཧྲང་ཧའེ་རྒྱ་མཚོའི་སློབ་ཆེན། ཀྲེ་ཅང་བཟོ་ཚོང་སློབ་ཆེན། ཧུའུ་པེ་སློབ་ཆེན། ཡུན་ནན་སློབ་ཆེན་སོགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།