འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་བྱེད་ཐབས་སྣ་མང་སྤྱད་ནས་གྲོང་གསེབ་ཀྱི་ནད་པ་དབུལ་པོའི་སྨན་ཡོན་ཁུར་
    པོ་ཡང་དུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་03ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་ཀན་སུའུ་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་མི་འབོར་དབུལ་པོར་ནད་ཆེན་གྱི་ཆེད་དོན་སྨན་བཅོས་ལས་དོན་སྤེལ་རྒྱུའི་གཏན་འབེབས་བྱས་ནས། ནད་རིགས་རྐྱང་པར་སྨན་ཡོན་སྤྲོད་པ་དང་ནད་ཆེན་འགན་བཅོལ་ལ་སླར་ཡང་སྨན་ཡོན་རྩིས་ཞུ་བྱེད་པ་སོགས་བྱེད་ཐབས་མང་པོ་བརྒྱུད། ནད་པས་དངོས་སུ་སྤྲོད་པའི་སྨན་ཡོན་དམའ་རུ་གཏོང་རྒྱུ་རེད།
         ཉེ་དུས་པར་འགྲེམས་བྱས་པའི་《ཀན་སུའུ་ཞིང་ཆེན་གྱི་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་ནད་ཆེན་ཆེད་དོན་སྨན་བཅོས་ལས་ཀའི་ཇུས་གཞིའི་》ནང། 2018ལོའི་ལོ་མཇུག་གོང་ཀན་སུའུ་ཞིང་ཆེན་གྱིས་ཡིག་ཚགས་དང་གཱ་བཟོས་པའི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དང་ནོར་སྲིད་སྡེ་ཚན་གྱིས་ཞིབ་བསྡུར་དང་ཞིབ་བཤེར་ཆོག་མཆན་སྤྲད་པའི་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་ཁྲོད“ཀན་སུའུ་ཞིང་ཆེན་གྱི་གྲོང་གསེབ་ཀྱི་ནད་ཆེན་རིགས”དང་མཐུན་པའི་ནད་པར་གཅིག་སྡུད་སྨན་བཅོས་བྱ་རྒྱུ་ཁ་གསལ་བཏོན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཀན་སུའུ་ཞིང་ཆེན་གྱིས་གཞི་རིམ་འཕྲོད་བསྟེན་དང་འཆར་བཙའི་དཔུང་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་དུད་ཚང་དུ་ཡུག་བགོས་འགན་ལེན་བྱེད་པའི་བྱེད་ཐབས་སྤྱད་ནས་རྩིས་ཁྲར་ཐོ་འགོད་བྱས་པའི་སྨན་བཅོས་བྱ་ཡུལ་ནད་པའི་གནས་ཚུལ་ལ་གཞིགས་ཏེ་འཆར་གཞི་ཡོད་པའི་སྒོ་ནས་ནད་པ་དམིགས་འཛུགས་སྨན་ཁང་དུ་སྨན་བཅོས་བྱ་རྒྱུར་སྒྲིག་འཛུགས་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།