འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཡོ་རོབ་དབུས་ཤར་ཁུལ་གྱི་སློབ་ཆེན་སློབ་མས"ཀྲུང་གོ་རྒྱུས་མངའ་ལོན་པར་བྱེད་པའི་འགྲན་
    བསྡུར"པུ་ཏ་ཕེ་སིར་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་03ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་28ཉིན"ཀྲུང་གོར་རྒྱུས་མངའ་ལོན་པར་བྱེད་པའི་འགྲན་བསྡུར"གྱི་ཡོ་རོབ་དབུས་ཤར་ཁུལ་གྱི་སློབ་ཆེན་སློབ་མའི་ཞིབ་འཇུག་འགྲན་བསྡུར་གྱི་རེས་སྐོར་གཉིས་པའི་འགྲན་བསྡུར་གྲོང་ཁྱེར་པུ་ཏ་ཕེ་སིར་སྤེལ་བ་དེ་ནི་ཡོ་རོབ་དབུས་ཤར་ཁུལ་གྱིས་ཀྲུང་གོ་རྒྱུས་མངའ་ལོན་པ་བརྗོད་དོན་གཙོ་བོར་བྱས་པའི་སློབ་ཆེན་སློབ་མའི་ཞིབ་འཇུག་འགྲན་བསྡུར་བྱེད་སྒོ་སྤེལ་ཐེངས་ཐོག་མ་དེ་ཡིན་པ་རེད།
          འགྲན་བསྡུར་ནི་ཧང་ག་རིའི་ཨན་ཐོར·གཡོད་སེ་ཧྥུའུ་ཡི་ཤེས་བྱའི་ལྟེ་གནས་དང་ཡོ་རོབ་དབུས་ཤར་ཨེ་ཤེ་ཡ་ཞིབ་འཇུག་ལྟེ་གནས་ཀྱིས་མཉམ་དུ་སྤེལ་བ་ཞིག་ཡིན་པ་དེའི་དམིགས་ཡུལ་ནི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་ཧྲིལ་པོའི"16+1མཉམ་ལས"ཀྱི་གལ་ཆེའི་རང་བཞིན་གྱི་ངོས་འཛིན་མཐོ་རུ་གཏོང་ཆེད་ཡིན་པ་རེད།
          འགྲན་བསྡུར་དེ་རེས་སྐོར་གཉིས་ལ་དབྱེ་བ་སྟེ། རེས་སྐོར་དང་པོར་ཡོ་རོབ་དབུས་ཤར་ཁུལ་གྱི་རྒྱལ་ཁབ་ཁག་གིས་དྲ་ཐོག་ནས་ཀྲུང་གོའི་ཤེས་བྱར་རྒྱུགས་ལེན་བྱས་ཏེ་རྒྱལ་ཡོངས་ཀྱི་ཨང་དང་པོ་འདེམས་པ་དང་། རེས་སྐོར་གཉིས་པར་རྒྱལ་ཁབ་ཁག་གི་ཨང་དང་པོ་གྲོང་ཁྱེར་པུ་ཏ་ཕེ་སིའི་རྒྱུགས་རར་རང་ཉིད་ཀྱིས་བྲིས་པའི་དེང་རབས་ཀྲུང་གོའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་སྐོར་གྱི་ཞིབ་འཇུག་དཔྱད་རྩོམ་ངོ་སྤྲོད་བྱེད་པ་དང་དཔྱད་འདེམས་ཨུ་ལྷན་གྱིས་སྐར་མ་རྒྱག་རྒྱུ་ཡིན་པ་རེད།
         ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་10ཡི་སློབ་ཆེན་སློབ་མ་10དེ་ཉིན་གྱི་འགྲན་བསྡུར་ལ་ཞུགས་པ་རེད། ཁོང་ཚོའི་དཔྱད་རྩོམ"རྒྱུད་གཅིག་ལམ་གཅིག"དང་། མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན། ཀྲུང་གོའི་ཁོར་ཡུག་གི་འགྲན་སློང་དང་ཐག་གཅོད་བྱེད་ཐབས། མི་འབོར་གྱི་གནད་དོན་སོགས་དང་འབྲེལ་བ་ཡོད་པ་རེད།
         འགྲན་བསྡུར་བྱས་པ་བརྒྱུད་ཨེ་སོ་ནི་ཡ་ཐར་ཐུའུ་སློབ་ཆེན་གྱི་སློབ་མ་མར་ཐེ·ཝུའེ་ལི་སི་ཐེར་ཨང་དང་པོ་ཐོབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།