འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོར་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁྲིད་སྦྱོང་
    རྟེན་གཞི་གཉིས་གསར་དུ་བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་17ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཚོང་འཕྲིན་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། 2017ལོར་ལྷ་ས་གྲོང་ཁྱེར་དུ་སྔོན་རྩིས་བྱས་ན་ཁྱོན་མ་དངུལ་སྒོར་ཁྲི་2400བཏང་སྟེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁྲིད་སྦྱོང་རྟེན་གཞི་གཉིས་བསྐྱར་དུ་བསྐྲུན་རྒྱུ་ཡིན་པ་སྟེ། ལྷ་སའི་ནང་མ་དང་སྙེ་མོའི་དར་རོང་གི་འབག་དཀར་པོའི་ཁྲིད་སྦྱོང་རྟེན་གཞི་གཉིས་རེད།
          2016ལོའི་ཟླ་6པར། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་ཞིབ་འཇུག་བྱས་པ་བརྒྱུད། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་སོགས་རྣམ་གྲངས་སྲུང་སྐྱོང་ཚན་པའམ་ཡང་ན་ཁྲིད་སྦྱོང་ས་ཚིགས་51ལ་རང་ལྗོངས་ཀྱི་ཁག་གཉིས་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་ཁྲིད་སྦྱོང་རྟེན་གཞི་ཞེས་མིང་བཏགས་པ་དང་། དེའི་ཐོག་ཁག་དང་པོར་མིང་བཏགས་པའི་རྟེན་གཞི་33བསྣན་ན་རང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཁྲིད་སྦྱོང་རྟེན་གཞི་ཁྱོན་84ཟིན་ཡོད་པ་མ་ཟད། ད་དུང་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། རྫོང་བཅས་རིམ་པ་བཞིའི་མངོན་མིན་རིག་གནས་ཤུལ་བཞག་གི་དཀར་ཆག་མ་ལག་ཅིག་ཀྱང་གྲུབ་ཡོད་པ་རེད། དེའི་ནང་ལྷ་ས་གྲོང་ཁྱེར་དུ་ད་ཆ་སྟོད་ལུང་བདེ་ཆེན་ཆུས་སྐྱོར་མོ་ལུང་ལྷ་མོ་རུ་ཁག་དང་ལྷ་སའི་ཚེ་སྨོན་གླིང་མི་རིགས་ལག་ཤེས་རྒྱུན་འཛིན་ལྟེ་གནས་སོགས་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཁྲིད་སྦྱོང་རྟེན་གནས་13དང་། མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་152 མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་མི་སྣ་181བཅས་ཡོད། རྨང་གཞི་དེའི་ཐོག་འདི་ལོར་ལྷ་སར་སྔོན་རྩིས་བྱས་ན་ཁྱོན་མ་དངུལ་སྒོར་ཁྲི་2400བཏང་སྟེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁྲིད་སྦྱོང་རྟེན་གཞི་གཉིས་བསྐྲུན་རྒྱུ་ཡིན་པ་སྟེ། ལྷ་སའི་ནང་མ་དང་སྙེ་མོའི་དར་རོང་གི་འབག་དཀར་པོའི་ཁྲིད་སྦྱོང་རྟེན་གཞི་གཉིས་རེད།
      

    ཕྱོགས་བསྡུས་གསར་འགྱུར།