འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།མི་སེམས་གཡོ་བར་བྱེད་པའི་མཛེས་སྡུག

    ——“ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་དུ་མངོན་པའི་བོད་རིགས་ས་ ཁུལ”ཞེས་པའི་པར་རིས་འགྲེམས་སྟོན་ཐའེ་དབན་དུ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་17ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          “བོད་རིགས་ས་ཁུལ་གྱི་མཐོང་ཐོས་ལས་ང་ཚོར་སེམས་འགུལ་ཐེབས་པས་མ་ཚད། མི་སེམས་གཡོ་བར་བྱས་བྱུང”ཨོ་སི་ཁྲུ་རི་ཡའི་《ཡོ་རོབ་ཀྱི་སྐབས་དོན་ཚགས་པར་》གྱི་ཧྲི་ཀྲང་གཞོན་པ་ཤོན་ཤོན་གྱིས་ད་ཐེངས་ཐའེ་དབན་དུ་གཉེར་བའི་བོད་རིགས་ས་ཁུལ་གྱི་པར་རིས་འགྲེམས་སྟོན་ལས་མི་སྔར་བས་མང་བས་མཛེས་སྡུག་ཡིད་དུ་འོང་བའི་བོད་རིགས་ས་ཁུལ་ཤེས་རྟོགས་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
          ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་ཚོགས་དང་ཐའེ་དབན་ངལ་རྩོལ་ཏང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི“ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་དུ་མངོན་པའི་བོད་རིགས་ས་ཁུལ”ཞེས་པའི་པར་རིས་འགྲེམས་སྟོན་དེ་ཚེས་15ཉིན་ཐའེ་པེ་རུ་གཉེར་བ་རེད། འགྲེམས་སྟོན་ལ་མཁོ་བའི་པར་རིས་ཚང་མ་ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་གྱི་གསར་འགོད་པ་བཅུ་གྲངས་ཀྱིས་མཁོ་འདོན་བྱས་པ་དང་ཁོང་ཚོས་བོད་དང་དེ་བཞིན་སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་བོད་རིགས་ས་ཁུལ་དུ་སྐྱོད་སྐབས་པར་འབོར་ཆེན་བླངས་པའི་་ཁྲོད་ནས་ལེགས་གྲས་བརྒྱ་ཙམ་བདམས་ཏེ། ཐའེ་དབན་གྱི་དམངས་བྱིངས་ཚོས་པར་རིས་རེ་རེའི་ཐོག་ནས་བོད་རིགས་ས་ཁུལ་གྱི་ཡིད་འོང་མཛེས་ལྗོངས་དང་། ཡུལ་སྲོལ་གོམས་འདྲིས། འཕེལ་རྒྱས་དང་འགྱུར་ལྡོག་བཅས་ཉམས་སུ་མྱོང་ཐུབ་རྒྱུའི་བརྩོན་ལེན་བྱེད་ཀྱི་ཡོད་པ་རེད།
          འགོ་ཚུགས་མཛད་སྒོའི་ཐོག་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཧའོ་དབྱི་ཧྥུང་གིས་འདི་ནི་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་ཚོགས་ཀྱིས་ཐའེ་དབན་དུ་བོད་རིགས་ས་ཁུལ་གྱི་པར་རིས་འགྲེམས་སྟོན་གཉེར་ཐེངས་དང་པོ་ཡིན། ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་གྱི་གསར་འགོད་པ་ཚོ་ཡིད་སྨོན་དང་། ངོ་མཚར་ཆེ་བའི་སྒོ་ནས་བོད་རིགས་ས་ཁུལ་དུ་བསྐྱོད་པས་ཁོང་ཚོའི་སེམས་པ་ཅིག་ཅར་ཏུ་འཕྲོག་ཅིང་། སེམས་འགུལ་ཚད་མེད་ཐེབས་ལ། ཡིད་ཀྱི་བརྟན་པ་དབང་མེད་དུ་བཀུག་པར་བརྟེན། ལག་ནང་གི་པར་ཆས་ལ་བརྟེན་ནས་བོད་རིགས་ས་ཁུལ་གྱི་མཛེས་ལྗོངས་དང་དགའ་སྤྲོ་འཁོལ་བའི་དགོད་སྒྲ་རེ་རེ་བཞིན་རང་དབང་མེད་པར་པར་བླངས་པ་རེད་ཅེས་བརྗོད་པ་རེད།
         ཁོང་གིས་དོན་དངོས་ནི་རྩོད་ཐབས་བྲལ་བ་ཞིག་རེད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50ལྷག་ཙམ་སོང་རིང་མི་འབོར་གྱི་གཞི་ཁྱོན་དང་། དཔལ་འབྱོར་གོང་འཕེལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་། སློབ་གསོ་སྨན་བཅོས་སོགས་ཕྱོགས་ཁག་ཚང་མར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་དུས་མཚུངས། བོད་འཕེལ་རྒྱས་གཏོང་རིང་ཁོར་ཡུག་དང་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུར་ལྷོད་གཡེང་གཏན་ནས་ཤོར་མེད། ད་ཆའི་བོད་འདི་ཉིད་ཞི་མཐུན་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། རིག་གནས་དར་རྒྱས། སྣོད་བཅུད་ལེགས་པ་བཅས་ཡོད་ཁར། དཔལ་འབྱོར་གོང་འཕེལ་ཉིན་གསར་ཟླ་འགྱུར་དང་མང་ཚོགས་ཀྱི་འཚོ་བའང་བདེ་སྐྱིད་ལྡན་པ་ཞིག་འདུག་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།