འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་གྱིས་རང་འགུལ་རང་འདེམས་ཀྱི་དངུལ་བསྡུའི་འཕྲུལ་འཁོར་ལ་ཐོག་མའི་ཚོད་ལྟ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་17ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སྒོ་རྩིས་ཚོང་ཁང་ལ་ཅ་དངོས་ཉོ་བར་བསྐྱོད་སྐབས་ཚོང་ཟོག་བླུགས་སྣོད་དངུལ་བསྡུའི་འཕྲུལ་འཁོར་ཐོག་བཞག་ཙམ་བྱས་ན་སྐར་ཆ་ཁ་ཤས་ནང་རྩིས་རྒྱག་དང་། འགྱིག་ཤོག་ནང་བླུགས་པ། དངུལ་སྤྲོད་བཅས་ཚང་མ་ལེགས་གྲུབ་ཟིན་གྱི་ཡོད། རི་པིན་གྱི་སྟབས་བདེའི་ཚོང་ཁང་ཆེ་མོའི་མུ་སྦྲེལ་ཁེ་ལས་ལུའོ་སེན་ཚོགས་པ་དང་སུང་ཤཱ་གློག་ཆས་ཀུང་སིས་རང་འགུལ་རང་འདེམས་ཀྱི་དངུལ་བསྡུའི་འཕྲུལ་འཁོར་ཞིག་ལ་ཚོད་ལྟ་བྱེད་བཞིན་ཡོད་པ་དང་གལ་སྲིད་དངོས་སུ་སྤྱོད་ཐུབ་པ་བྱུང་ཚེ་རྩིས་རྒྱག་གི་དུས་ཚོད་ཐུང་དུ་འགྲོ་ཐུབ་པ་མ་ཟད། ཚོང་ཁང་གི་ལས་བཟོའི་ལས་འབོར་ཡང་ཆུང་དུ་འགྲོ་ཐུབ་རྒྱུ་རེད།
         ལུའོ་སེན་ཚོགས་པ་དང་སུང་ཤཱ་གློག་ཆས་ཀུང་སིས་ཚེས་14ཉིན་རི་པིན་གྱི་ཏ་པན་དུ་གནས་པའི་སུང་ཤཱ་སྤྱི་ཁྱབ་པུའི་ལུའོ་སེན་ཚོང་ཁང་ཞིག་གིས་རང་འགུལ་རང་འདོད་ཀྱི་དངུལ་བསྡུའི་འཕྲུལ་འཁོར་ཞིབ་དཔྱད་ར་སྤྲོད་ཚོད་ལྟ་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་སྨྱན་སྦྱོར་ལ་ཡོངས་བསྒྲགས་བྱས་པ་རེད།
         དངུལ་སྤྲོད་རྒྱུའང་རང་འགུལ་ཡིན་པ་དང་ཉོ་མཁན་གྱིས་དངུལ་བསྡུའི་འཕྲུལ་འཁོར་ནང་དངུལ་བླུགས་ཚེ་མ་ལག་གིས་རང་འགུལ་ངང་དངུལ་སློག་སློག་གཏོང་གི་ཡོད། དངུལ་བསྡུའི་འཕྲུལ་འཁོར་གྱིས་ད་དུང་ཡིད་རྟོན་གཱ་ནས་དངུལ་སྤྲོད་པ་དང་སྐར་གསོག་གཱ་ནས་དངུལ་སྤྲོད་ཐུབ་ཀྱི་ཡོད། དེ་དང་ཕྱོགས་མཚུངས་ཅ་དངོས་བླུགས་སྣོད་ཀྱི་མཐིལ་རང་འགུལ་ངང་ཁ་ཕྱེ་ནས་དེའི་ནང་གི་ཅ་དངོས་རྣམས་འགྱིག་ཤོག་ནང་བླུགས་ཏེ་ཚང་མ་སྟབས་བདེའི་ངང་ལེགས་གྲུབ་བྱེད་ཀྱི་ཡོད།
         རི་པིན་གྱི་མི་འབོར་རྒན་རྒོན་ཅན་དུ་འགྱུར་ཚད་ཚབས་ཆེ་རུ་འགྲོ་བཞིན་ཡོད་པས་སྔར་ན་བྱུང་མྱོང་མེད་པའི་ངལ་རྩོལ་ནུས་ཤུགས་མི་འདང་བའི་རྣམ་པ་ཐོན་བཞིན་ཡོད། ལུའོ་སེན་ཚོགས་པས་ཆ་འཕྲིན་དང་འཕྲིན་གཏོང་ལག་རྩལ་གསར་ཤོས་དང་མི་ཐབས་ལ་བརྟེན་པའི་རིག་ནུས་ལག་རྩལ་སྤྱད་དེ་ཚོང་ཁང་ནང་གི་ལས་ཕྱོད་མཐོ་རུ་གཏོང་ཐུབ་རེ་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།