འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅༎ལོ་གསར་པོའི་ནང་བྱིས་པའི་བོད་ཡིག་ཡིག་གཟུགས་འགྲེམས་སྟོན་སྐབས་དང་པོ་གཤོམ་
    འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་10ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅༎ལོ་གསར་པོའི་ནང་བྱིས་པའི་བོད་ཡིག་ཡིག་གཟུགས་འགྲེམས་སྟོན་སྐབས་དང་པོ་གཤོམ་
འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ས་གནས་ཁག་གི་ཡིག་གཟུགས་གསར་རྩོམ་ཉིན་རེ་བཞིན་ཕུན་སུམ་ཚོགས་སུ་འགྲོ་བའི་རྣམ་པ་ལེགས་པོ་འཐོན་བཞིན་ཡོད་པ་དང་། བོད་ཡིག་ཡིག་གཟུགས་བརྩམས་ཆོས་ཕུལ་བྱུང་སྣ་ཚོགས་རྒྱུན་ཆད་མེད་པར་ཐོན་ནས། སྤེལ་རེས་དང་འགྲེམས་སྟོན་འཁྲུག་ཆ་དོད་པོར་ཕྱིན་པ་དང། བོད་ཡིག་ཡིག་གཟུགས་སློབ་གསོ་སྣ་ཚོགས་རྒྱ་ཁྱབ་ཏུ་སྤེལ་བས། ཁྱབ་གདལ་དུ་གཏོང་ཚད་དང་ཆེད་ལས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་ཡར་རྒྱས་འགྲོ་བཞིན་ཡོད་པ་རེད།
         2017ལོའི་དཔྱིད་གསར་དུས་ཆེན་གྱི་སྐབས་སུ། "མེས་རྒྱལ་གྱི་མེ་ཏོག་དང་མི་རིགས་ཀྱི་རེ་བ་སྟེ་བོད་ལྗོངས་ཡོངས་ཀྱི་བྱིས་པའི་ཡིག་གཟུགས་འགྲེམས་སྟོན་སྐབས་དང་པོ་དང་བྱིས་པའི་ཡིག་གཟུགས་འགྲན་བསྡུར"བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་སྤེལ་འགོ་ཚུགས་ཤིང་། གྲོང་མི་མང་ཚོགས་ཀྱི་དུས་ཆེན་གྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ལྷག་པར་དུ་ད་དུང་དགུན་གསེང་གི་འཚོ་བ་རོལ་བཞིན་པའི་སློབ་མ་ཚོར་ཡིག་གཟུགས་སྒྱུ་རྩལ་གྱི་རིག་གནས་དགའ་སྟོན་གཟབ་རྒྱས་ཞིག་ཕུལ་བས། སློབ་མ་ཚོའི་དགུན་གསེང་འཚོ་བའི་བྱེད་སྒོ་ཐུན་མོང་མ་ཡིན་པ་ཞིག་ཏུ་གྱུར་པ་རེད། འདི་ནི་ཡིག་གཟུགས་མཁས་པ་གྲགས་ཅན་གྱིས་བྱིས་པའི་ཡིག་གཟུགས་འགྲེམས་སྟོན་ལྟ་སྐོར་བྱེད་པར་ཡོང་བའི་གྲོང་མི་མང་ཚོགས་ལ་བོད་ཡིག་ཡིག་གཟུགས་ཀྱི་ཤེས་བྱ་འགྲེལ་བཤད་གནང་བཞིན་ཡོད་པ་རེད།
    འགྲན་བསྡུར་ལ་ཞུགས་ནས་བྱ་དགའ་ཐོབ་པའི་གྲོགས་པོ་ཆུང་ཆུང་གིས་བྱ་དགའ་ལེན་བཞིན་པ།
    འགྲན་བསྡུར་ལ་ཞུགས་ནས་བྱ་དགའ་ཐོབ་པའི་གྲོགས་པོ་ཆུང་ཆུང་གིས་བྱ་དགའ་ལེན་བཞིན་པ།
    ནང་ས་ནས་ཡོང་བའི་ཡུལ་སྐོར་བ་ཞིག་གིས་བོད་ཡིག་ཡིག་གཟུགས་ཉམས་སུ་མྱོང་བཞིན་པ།
    ནང་ས་ནས་ཡོང་བའི་ཡུལ་སྐོར་བ་ཞིག་གིས་བོད་ཡིག་ཡིག་གཟུགས་ཉམས་སུ་མྱོང་བཞིན་པ།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།