འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་ཁོག་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕར་བ་ཡོ་རོབ་མནའ་
    འབྲེལ་གྱིས་ངོས་འཛིན་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་17ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་(ཡོ་རོབ་མནའ་འབྲེལ་ཨུ་ལྷན)གིས་ཚེས་13ཉིན་དགུན་དུས་ཀྱི་དཔལ་འབྱོར་རྒྱང་ལྟའི་སྙན་ཞུ་སྤེལ་བའི་ནང་འཕར་འགོར་དུ་སོང་བའི་དུས་ བབ་འོག་འབྲེལ་ཡོད་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱུང་བས་ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ནས་ཉེན་ཁ་ཚོད་འཛིན་ཐུབ་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།
           ཡོ་རོབ་ཨུ་ལྷན་གྱི་སྙན་ཞུའི་ནང་ཉོ་ཚོང་དང་མ་འཇོག་དར་རྒྱས་མེད་པ་སོགས་ཀྱི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཕོག་པས་2016ལོའི་ལོ་སྟོད་དུ་ཀྲུང་གོའི་དཔལ་འབྱོར་འཕར་ཚད་ཅུང་འགོར་དུ་ཕྱིན་ཡོད་མོད། འོན་ཀྱང་། ལོ་སྨད་དུ་དཔལ་འབྱོར་འཕར་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཏེ་ཕྱིར་གཏོང་དང་མ་འཇོག་ཚང་མའི་ཐད་འཕར་ཚད་མཐོ་རུ་ཕྱིན་ནས་ལོ་ཧྲིལ་པོར་དཔལ་འབྱོར་འཕར་ཚད་ལྟོས་བཅས་ཀྱིས་ཤུགས་ཆེ་བའི་6.7%རྒྱུན་འཁྱོངས་ཐུབ་ཡོད་ཅེས་བརྗོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།