འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་ཡི་2016ལོར་ཁེ་བེད་བདག་ཐོབ་རེ་ཞུར་ཆོག་མཆན་སྤྲོད་
    ཚད་སླར་ཡང་ཟིན་ཐོ་གསར་པ་བཏོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་17ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 2016ལོར། བདེ་ཆེན་ཀྲོའུ་ཡིས་ཁེ་བེད་བདག་ཐོབ་སྙན་ཞུ་འབུལ་ཚད་དང་ཆོག་མཆན་སྤྲོད་ཚད་ཐད་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ་དང་། ཁེ་བེད་བདག་ཐོབ་སྙན་ཞུ་འབུལ་ཚད་ཁག་331དང་ཆོག་མཆན་སྤྲོད་ཚད་ཁག་113ཟིན་ནས་སྔ་ལོ་ལས་210%དང་136%ཁག་སོ་སོར་འཕར་བ་དང་། དེའི་ཁྲོད་ནས་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཁག་110དང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ལ་ཆོག་མཆན་སྤྲོད་ཚད་ཁག་4ཟིན་ནས། སྔ་ལོ་ལས་293%དང་100%ཁག་སོ་སོར་འཕར་ཏེ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་བཏོད་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོར་བདེ་ཆེན་ཀྲོའུ་ཡིས་གསར་གཏོད་རྣམ་པའི་ཡུན་ནན་བཏོད་པའི་བྱ་སྤྱོད་ཀྱི་འཆར་གཞིའི་ཁེ་བེད་བདག་ཐོབ་དམིགས་ཚད་ལ་དམ་པོར་དམིགས་པ་དང་། གསར་གཏོད་གསར་སྐྲུན་དང་རང་རྟེན་གསར་གཏོད་ལ་སྐུལ་མ་གཏོང་བ་དང《བདེ་ཆེན་ཀྲོའུ་ཡི་ཁེ་བེད་བདག་ཐོབ་ཀྱི་བྱ་དགའ་སྤྲོད་ཐབས》སོགས་ལྕག་སྐུལ་སྲིད་ཇུས་དང་རོགས་སྐྱོར་བྱ་ཐབས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ཤེས་བྱའི་བདག་དབང་ལས་ཀའི་འགོ་འཛུགས་ས་དང་ཐོད་བརྒལ་བྱེད་སར་སྟངས་འཛིན་ནན་པོ་བྱེད་པ། ཀྲོའུ་ཡོངས་ཀྱི་ཤེས་བྱའི་བདག་དབང་ལས་ཀ་དང་ཚན་རྩལ་ལས་ཀ་མཉམ་འདྲེས་ཡོང་རྒྱུར་སྐུལ་སྤེལ་གཏོང་བ། ཤེས་བྱའི་བདག་དབང་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་བ་སོགས་ཀྱི་གསོ་སྦྱོང་སྣ་ཚོགས་ཧུར་ཐག་སྤེལ་བ་བཅས་བྱས་པ་མ་ཟད། ཆེད་ལས་ལས་ཚབ་སྒྲིག་གཞི་ནང་འདྲེན་གྱིས་ཁེ་ལས་ལ་འཆར་གཞི་འགོད་རོགས་དང་ཁེ་བེད་བདག་ཐོབ་སྙན་ཞུ་འབུལ་རོགས་བྱས་པས། ཤེས་བྱའི་བདག་དབང་ལ་བརྟེན་ནས་ཁེ་ལས་དང་གཞི་རིམ་ལ་ཞབས་འདེགས་ཞུ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས། ཀྲོའུ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་པ་དང་། རང་བརྟེན་གསར་གཏོད་ནུས་པ་མུ་མཐུད་ཆེ་རུ་ཕྱིན་པ། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མུ་མཐུད་མཐོ་རུ་ཕྱིན་པ། འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་མུ་མཐུད་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།