འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ལག་བཟོའི་སེམས་པ་དྲོན་མོ་ལས་ཕྱུང་བའི་མཛུབ་བཟོས་མར་གྱི་འཇིག་རྟེན། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་15ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལག་བཟོའི་སེམས་པ་དྲོན་མོ་ལས་ཕྱུང་བའི་མཛུབ་བཟོས་མར་གྱི་འཇིག་རྟེན།
          མི་དམངས་དྲ་བའི་འཕྲིན། རྩེ་སྒྲོ་ནི་བོད་ཀྱི་ལོ་སར་སྐབས་ངེས་པར་དུ་མཁོ་བའི་དངོས་པོ་ཞིག་ཡིན་ལ། དེ་ནི་གྲོ་སོ་ཕྱེ་མར་ཐོག་ཏུ་མར་རྒྱན་བཏང་བའི་བརྐོས་བཟོའི་ཐོན་དངོས་ཤིག་ཡིན། ད་ལྟའི་ཁྲོམ་རར། ཅུ་གང་དང་ཤིང་ལེབ་ལས་བཟོས་པའི་རྩེ་སྒྲོ་ཡོད་ཀྱང་། སྲོལ་རྒྱུན་གྱི་མར་རྒྱན་ལས་བཟོས་པ་དང་བསྡུར་ཐབས་གཏན་ནས་མེད་པས། མང་ཚོགས་ཚོའང་མར་རྒྱན་ལས་བཟོས་པའི་རྩེ་སྒྲོར་དགའ་མོས་ཆེན་པོ་ཡོད་པ་རེད།
         ཉེ་སྔོན། གསར་འགོད་པས་སྤོ་བོ་ནོར་བཟང་ལགས་ཀྱི་ཁྲོམ་གཟིགས་ཁང་དུ་སྡོད་ཁང་ཞིག་གླས་ཡོད་སར་ཕྱིན་པ་དང་། སྒོ་རུ་འཛུལ་མ་ཐག་དཀྱིལ་ཀྲུང་དུ་བཞུགས་ནས་རྩེ་སྒྲོ་བཟོ་བཞིན་པའི་སྤོ་བོ་ནོར་བཟང་ལགས་མཐོང་ཡོང་། ཁོང་གི་མདུན་དུ་ཆུ་བླུགས་པའི་ཀ་ཏོ་ར་ཞིག་དང་ཚོན་མདོན་སྣ་མང་གི་མར་རྡོག་མང་པོ་ཞིག་འདུག  སྤོ་བོ་ནོར་བཟང་ལགས་ཀྱི་ཕྱག་ཟུང་གིས་ཚོན་མདོག་བཅུ་ཕྲག་ལྷག་ཡོད་པའི་མར་རྡོག་ལས་སྟངས་སྟབས་བརྒྱ་ངོམ་གྱི་མི་སྣ་དང་། རི་དྭགས་སྲོག་ཆགས། རྩྭ་རྩི་ཤིང་སོགས་གསོན་ཉམས་དོད་ལ་ཚོན་མདོག་རྣམ་པར་བཀྲ་བའི་རྩེ་སྒྲོ་བཟོ་བཞིན་ཡོད་པ་རེད།
         སྤོ་བོ་ནོར་བཟང་ལགས་དང་ཕ་ཡུལ་གཅིག་པའི་སྤོ་བོ་དབང་རྒྱལ་ལགས་ནི་རང་ལོ་15རུ་སོན་ནས་བཟུང་ཕ་ཡུལ་གྱི་དགོན་པའི་སྐུ་ཞབས་ཀྱི་མདུན་ནས་རྩེ་སྒྲོ་བཟོ་རྩལ་སྦྱངས་པ་དང་། ད་ལྟ་བར་དུ་ལོ་ངོ་30ལྷག་ཕྱིན་ཡོད། ད་སྐབས་ཁོང་གིས་དུས་ཚོད་སྐར་མ་ཉི་ཤུ་ཙམ་གྱི་ནང་ལ་རྩེ་སྒྲོ་ཡག་ཐག་ཆོད་ཅིག་བཟོ་ཐུབ་པ་རེད། སྤོ་བོ་དབང་རྒྱལ་ལགས་ཀྱིས་མཚམས་སྦྱོར་བྱས་པར་གཞིགས་ན། རྩེ་སྒྲོ་བཟོ་བར་སྤྱིར་ན་གོ་རིམ་གསུམ་ཡོད་དེ། དང་པོ་པང་ལེབ་བཟོ་བ་དང་། གཉིས་པ་མར་ལ་ཚོན་སྡེབ་པ། གསུམ་པ་ལག་པས་དཔེ་རིས་སྣ་ཚོགས་བཟོ་བ་བཅས་ཡིན་པ་རེད། 
          ཤེས་རྟོགས་བྱུང་བར་གཞིགས་ན། རྩེ་སྒྲོ་རེ་རེའི་ཆེ་ཆུང་ལ་གཞིགས་ནས་རིན་གོང་ཡང་སྒོར་60ནས་150བར་འཚོང་ཐུབ་ལ། རྩེ་སྒྲོ་བཟོ་བར་མཁོ་བའི་མར་ནི་དཔེ་རིས་གཟུགས་དབྱིབས་ལ་གཞིགས་ནས་གཏན་འཁེལ་བྱེད་པ་རེད། སྤྱིར་བཏང་བྱས་ན། མར་རྒྱ་མ་གང་གིས་དཔེ་རིས་ཅུང་ཙམ་ཆེ་བའི་རྩེ་སྒྲོ་ཆེ་བ་གཉིས་ཙམ་ལས་བཟོ་ཐུབ་ཀྱི་མེད་པ་རེད།
    ༄༅།།ལག་བཟོའི་སེམས་པ་དྲོན་མོ་ལས་ཕྱུང་བའི་མཛུབ་བཟོས་མར་གྱི་འཇིག་རྟེན།
    ༄༅།།ལག་བཟོའི་སེམས་པ་དྲོན་མོ་ལས་ཕྱུང་བའི་མཛུབ་བཟོས་མར་གྱི་འཇིག་རྟེན།
    ༄༅།།ལག་བཟོའི་སེམས་པ་དྲོན་མོ་ལས་ཕྱུང་བའི་མཛུབ་བཟོས་མར་གྱི་འཇིག་རྟེན།
    ༄༅།།ལག་བཟོའི་སེམས་པ་དྲོན་མོ་ལས་ཕྱུང་བའི་མཛུབ་བཟོས་མར་གྱི་འཇིག་རྟེན།
    ༄༅།།ལག་བཟོའི་སེམས་པ་དྲོན་མོ་ལས་ཕྱུང་བའི་མཛུབ་བཟོས་མར་གྱི་འཇིག་རྟེན།
    ༄༅།།ལག་བཟོའི་སེམས་པ་དྲོན་མོ་ལས་ཕྱུང་བའི་མཛུབ་བཟོས་མར་གྱི་འཇིག་རྟེན།
    ༄༅།།ལག་བཟོའི་སེམས་པ་དྲོན་མོ་ལས་ཕྱུང་བའི་མཛུབ་བཟོས་མར་གྱི་འཇིག་རྟེན།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།