འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ནས་ཡོ་རོབ་ཏུ་སྐྱོད་པའི་དུས་གཏན་མེ་འཁོར་ཧྲན་ཤིས་ནས་ཐེངས་དང་པོ་ཐོན་པ།

    འཕྲུལ་ཆས་ཆེ་གྲས་ཀྱི་ལྕགས་ལམ་སྐྱེལ་འདྲེན་ཐད་ཀར་ཨུ་རུ་སུར་ཤར་གཏོང་ཐུབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་17ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་15ཉིན་གྱི་ཆུ་ཚོད་10དང་སྐར་མ་56ཙམ་ལ་7500/ཐེངས་5ཡི་ཀྲུང་ཨུའི་དུས་གཏན་མེ་འཁོར་ཧྲན་ཤིས་ཐའེ་ཡོན་ཀྲུང་ཏིང་ཟོག་འགྲེམས་གླིང་ནས་ཐོན་ཏེ་རང་རྒྱལ་གྱི་རང་བདག་ཤེས་བྱའི་བདག་དབང་ལྡན་པའི་གཏེར་ཁའི་རྐོ་འདྲུའི་འཕྲུལ་འཁོར་2བླུགས་ནས་ཨུ་རུ་སུའི་ལེ་སུའོ་ཤི་པིའར་སི་ཁེའི་ཕྱོགས་སུ་བསྐྱོད།
          ཤེས་རྟོགས་བྱུང་བར་གཞིགས་ན། འདི་ནི་ཧྲན་ཤིས་ནས་ཐོན་པའི་ཀྲུང་གོ་ནས་ཡོ་རོབ་ཏུ་སྐྱོད་པའི་དུས་གཏན་མེ་འཁོར་དང་པོ་དེ་ཡིན་པ་དང་དེས་ཧྲན་ཤིས་ནས་ཨུ་རུ་སུ་བར་གྱི་འཕྲུལ་ཆས་ཆེ་གྲས་ཀྱི་ལྕགས་ལམ་ཐད་འབྱོར་སྐྱེལ་འདྲེན་མངོན་འགྱུར་བྱུང་ནས་སྐྱེལ་འདྲེན་གྱི་དུས་ཚོད་མཚོ་ཐོག་སྐྱེལ་འདྲེན་ལས་ཉིན་20ཙམ་གྱིས་ཐུང་དུ་ཕྱིན་པ་མ་ཟད། ད་དུང་ཆུའི་བསླད་སྐྱོན་དང་ཕན་ཚུན་རྡབ་རྡེག་ལས་ཐོན་བའི་ཟད་སྐྱོན་ཡང་མི་ཐོན་པ་བྱེད་ཐུབ་ཀྱི་ཡོད།
          ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་དུས་གཏན་མེ་འཁོར་དེའི་ནང་ཐའེ་ཀྲུང་ཚོགས་པའི་ཨུ་རུ་སུའི་ཁྲོམ་རར་ཞུགས་ཐེངས་དང་པོ་ཡིན་པའི་WK-20དབྱིབས་ཅན་གྱི་གཏེར་ཁ་རྐོ་འདྲུའི་འཕྲུལ་འཁོར་2བླུགས་ཡོད་པ་དང་འཕྲུལ་ཆས་རེའི་ལྗིད་ཚད་ཏུན་800ལྷག་ཙམ་ཟིན་གྱི་ཡོད། འཕྲུལ་ཆས་དེ་གཉིས་ཐུམ་སྒྲིལ་200ལྷག་ཙམ་ལ་བགོས་ནས་ཁེབས་མེད་འཁོར་སྒྲོམ་31དང་དོས་སྒམ་10ནང་བླུགས་པ་དེ་ཡང་ཀྲུང་གོ་ནས་ཡོ་རོབ་ཏུ་སྐྱོད་པའི་དུས་གཏན་མེ་འཁོར་ལ་བྱེད་སྟངས་དེ་རིགས་སྤྱད་ཐེངས་དང་པོ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།