འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བླ་བྲང་བཀྲ་ཤིས་འཁྱིལ་དུ་གོས་སྐུ་གཤོམ་པའི་མཛད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་10ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བླ་བྲང་བཀྲ་ཤིས་འཁྱིལ་དུ་གོས་སྐུ་གཤོམ་པའི་མཛད་སྒོ་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་9ཉིན། ཉིན་དེ་ནི་ལུགས་རྙིང་གི་ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་ཡིན་པ་དང་། ཉིན་དེར"འཛམ་གླིང་གི་བོད་རིག་པའི་ཆེས་མཐོའི་སློབ་གྲྭ"རུ་གྲགས་པའི་བླ་བྲང་བཀྲ་ཤིས་འཁྱིལ་དུ་གོས་སྐུ་གཤོམ་པའི་མཛད་སྒོ་གཟབ་རྒྱས་ངང་སྤེལ་བས། བོད་རིགས་སེར་སྐྱ་མང་ཚོགས་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྲི་10ལྷག་གོས་སྐུར་མཇལ་ཁ་ཞུ་བ་དང་ཡུལ་སྐོར་སྤྲོ་གསེང་གཏོང་བར་བཀུག་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལོ་རེར་ཐེངས་རེའི་གོས་སྐུ་གཤོམ་པའི་དུས་ཆེན་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཟླ་བ་དང་པོའི་སྨོན་ལམ་ཆེན་མོའི་ཁྲོད་ཀྱི་ནང་དོན་གལ་འགངས་ཆེ་ཤོས་ལྡན་པ་ཞིག་ཡིན་ཞིང་། བོད་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་རིག་གནས་འགྲེམས་སྟོན་བྱ་རྒྱུའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། འདི་ནི་བླ་བྲང་བཀྲ་ཤིས་འཁྱིལ་དུ་གོས་སྐུ་གཤོམ་སའི་ཡུལ་དངོས་ཡིན་པ་རེད།
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།བླ་བྲང་བཀྲ་ཤིས་འཁྱིལ་དུ་གོས་སྐུ་གཤོམ་པའི་མཛད་སྒོ་སྤེལ་བ།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།