འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དྲ་རྒྱའི་བདེ་འཇགས་ལག་རྩལ་ལ་ཨ་རིར་རྒྱལ་སྤྱིའི་བྱ་དགའ་ཁག་གཉིས་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་17ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་14ཉིན་ཨ་རིའི་གྲོང་ཁྱེར་ཅིའུ་ཅིན་ཧྲན་དུ་གཉེར་བའི་གོ་ལ་ཧྲིལ་པོའི་ཆ་འཕྲིན་བདེ་འཇགས་ཐོན་ལས་RSAཚོགས་ཆེན་འཚོགས་རིང་ཀྲུང་གོའི་དྲ་རྒྱའི་བདེ་འཇགས་ཁེ་ལས་ཧྲན་ཧྲི་ཝང་ཁེ་ལ་ཨ་རིའི་གྲགས་ཅན་གྱི་ཆ་འཕྲིན་བདེ་འཇགས་དུས་དེབ་《དྲ་རྒྱའི་བདེ་འཇགས་དུས་དེབ་》ཀྱིས་སྤྲད་པའི་རྒྱལ་སྤྱིའི་བྱ་དགའ་ཁག་གཉིས་རག་པ་དེ་ཐོག་ནས་ཀྲུང་གོའི་གསར་གཏོད་ལག་རྩལ་ལ་ལས་རིགས་གཅིག་པའི་ཁས་ལེན་ཐོབ་པ་མཚོན་ཡོད་པ་རེད།
          ལོ་གཅིག་དུས་གཅིག་གི་RSAཚོགས་ཆེན་ནི་གོ་ལ་ཧྲིལ་པོའི་ཆ་འཕྲིན་བདེ་འཇགས་ཁེ་ལས་དང་ཁེ་ཕན་དང་འབྲེལ་བའི་ཕྱོགས་ཁག་འཛོམས་པའི་ལས་རིགས་ནང་ཁུལ་གྱི་འདུ་ཚོགས་གཟབ་རྒྱས་ཤིག་རེད། 《དྲ་རྒྱའི་བདེ་འཇགས་དུས་དེབ་》ཀྱིས་ལོ་ལྟར་གོ་སྐབས་དེ་དང་བསྟུན་ནས་འགྲེམས་ཞུགས་ཁེ་ལས་ལ་ཆ་འཕྲིན་བདེ་འཇགས་ཀྱི་བྱ་དགའ་རབ་དང་རིམ་པ་སྤྲོད་པ་དང་ཧྲན་ཧྲི་ཝང་ཁེ་ནི་འདི་ལོ་བྱ་དགའ་ཐོབ་མཁན་ཀྲུང་གོའི་ཁེ་ལས་འབའ་ཞིག་དེ་རེད། ཁེ་ལས་དེའི་ནང་ཁུལ་གྱི་དྲ་རྒྱའི་བདེ་འཇགས་གནས་ཚུལ་ཐག་གཅོད་ཇུས་གཞིར“རྩོམ་སྒྲིག་གདམ་གའི་བྱ་དགའ”དང“མཚེ་སྐྱེས་རྣམ་པའི”སྐུལ་སྤེལ་གཉིས་ཀྱི་གཞི་གྲངས་ལྟེ་གནས་ཀྱི་ཐག་གཅོད་ཇུས་གཞིར“གཞི་གྲངས་ལྟེ་གནས་ཀྱི་བདེ་འཇགས་གནས་ཚུལ་ཐག་གཅོད་ཇུས་གཞིའི་ཁེ་ལས་རྩེ་གྲྭའི་བྱ་དགའ”རག་ཡོད་པ་རེད།
          ཧྲན་ཧྲི་ཝང་ཁེའི་ཐོན་རྫས་ཁྲོམ་རའི་སྤྱི་ཁྱབ་གཞོན་པ་ཀྲང་ལིང་ལིང་གིས་གོང་གསལ་གྱི་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ་པ་དེ་ཐོག་ནས་ཀྲུང་གོའི་དྲ་རྒྱའི་བདེ་འཇགས་ཁེ་ལས་ཀྱི་གསར་གཏོད་ལག་རྩལ་ཡང་འགྲན་རྩོད་ཤིན་ཏུ་ཆེ་བའི་རྒྱལ་སྤྱིའི་གར་སྟེགས་ཐོག་འབུར་དུ་ཐོན་པ་གསལ་བཤད་བྱེད་ཐུབ། ན་ནིང་RSAཚོགས་ཆེན་ཐོག་ཧྲན་ཧྲི་ཝང་ཁེའི་གོམ་སྟབས་རྗེས་མའི་འགོག་སྲུང་ཐོན་རྫས་ལའང་དབང་གྲགས་ཚད་ལེན་སྒྲིག་གཞི་NSSཡི་ཚོད་ལྟ་ཁང་གིས་སྤྲད་པའི“འོས་སྦྱོར་རིམ་པའི”བྱང་བུ་ཐོབ་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།