འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོན་མདོག་སྣ་ལྔ་ཡི་དར་ལྕོག་བརྗེས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་16ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཚོན་མདོག་སྣ་ལྔ་ཡི་དར་ལྕོག་བརྗེས་པ།
          མི་དམངས་དྲ་བའི་འཕྲིན། དར་ལྕོག་ནི་རླུང་རྟ་དར་བར་བྱེད་པའི་མཚོན་རྟགས་ཤིག་ཡིན་ལ། གནམ་ལོ་གསར་ཚེས་ཀྱི་སྐབས། བོད་རིགས་མང་ཚོགས་ཚོས་ཚེས་བཟང་དུས་བཟང་ཞིག་ལ་རང་ཁྱིམ་གྱི་ཐོག་ཁའི་དར་ལྕོག་བརྗེས་ནས་ལོ་གསར་པའི་ནང་ལོ་ལེགས་ཡོང་བ་དང་། མི་ནད་ཕྱུགས་ནད་མི་ཡོང་བ། བསམ་དོན་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་ཞིག་ཡིན།
           ལོ་རེའི་ཟླ་བ་བཅུ་གཉིས་ནས་བཟུང་། དར་ལྕོག་བཟོ་མཁན་ཚོ་ལས་བྲེལ་ཆེ། གཙང་པ་སྣམ་རྫོང་བྱང་སྟོད་ཤང་གི་གྲོང་མི་བུ་དངོས་གྲུབ་ཀྱིས་ལྷ་ས་གྲོང་ཁྱེར་དུ་དར་ལྕོག་བཙོངས་ཏེ་ལོ་མང་སོང་ཡོད་པ་རེད། ཁོང་གིས་གསར་འགོད་པར་ལོ་རེར་དར་ལྕོག་བཟོས་ནས་བཙོངས་པའི་ཡོང་འབབ་ཁོ་ན་སྒོར་ཁྲི་3ཙམ་བྱུང་ཟེར། པར་འདི་ནི་སྤྱི་ཟླ་2ཚེས་15ཉིན་བུ་དངོས་གྲུབ་ཀྱིས་ལྷ་ས་གྲོང་ཁྱེར་དུ་དར་ལྕོག་འཚོང་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།