འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥི་ལི་ཕིན་གྱིས“ཀྲུང་གོ་སློབ་ཁང་དུ་བསྐྱོད”ཅེས་པའི་ཤེས་བྱའི་འགྲན་བསྡུར་བྱེད་སྒོ་སྤེལ་བ།

    བྱ་དགའ་ཐོབ་མཁན་པེ་ཅིང་དུ་ཡུལ་སྐོར་དུ་འཁྲིད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་17ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “ཀྲུང་གོ་སློབ་ཁང་དུ་བསྐྱོད”ཅེས་པའི་ཧྥི་ལི་ཕིན་གྱི་སློབ་འབྲིང་སློབ་མའི་ཤེས་བྱའི་འགྲན་བསྡུར་སྐབས་བཅུ་པ་ཚེས་15ཉིན་མ་ནི་ལར་ཕྱེད་བསྡུར་དང་མཐའ་བསྡུར་བྱས་པ་དང་སློབ་འབྲིང་16གི་འཐུས་མིའི་རུ་ཁག་གིས་ཆུ་ཚོད་ལྔ་ཙམ་ཛ་དྲག་གི་འགྲན་བསྡུར་བྱས་པ་བརྒྱུད་མཐར་པོ་ཤིས་ཀེ་གྲོང་ཁྱེར་ལི་ཧྲ་སློབ་འབྲིང་གི་བདམས་ཐོན་པ་4ལ་ཨང་དང་པོ་ཐོབ་པ་དང་ཁོང་ཚོར་པེ་ཅིང་དུ་ཡུལ་སྐོར་དུ་བསྐྱོད་རྒྱུའི་བྱ་དགའ་ཐོབ་པ་རེད།
          སྐབས་འདིའི་ཤེས་བྱའི་འགྲན་བསྡུར་དེ་ཧྥི་ལི་ཕིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་རིག་གནས་ཁྲུའུ་དང་། ཧྥི་ལི་ཕིན་གྱི་ཀྲུང་གོའི་སྐད་ཡིག་སློབ་གསོ་ལྟེ་གནས། ཧྥི་ལི་ཕིན་དང་ཀྲུང་གོའི་ལས་རིགས་ཁག་གི་མཉམ་འབྲེལ་ལྷན་ཚོགས། ཧྥི་ལི་ཕིན་གྱི་རྒྱལ་སའི་ས་ཁུལ་སློབ་གསོ་ཅུས་བཅས་ཀྱིས་མཉམ་དུ་གཉེར་ཅིང་། མ་ནི་ལ་ཆེན་པོའི་རྒྱལ་སའི་ཁུལ་གྱི་གཞུང་བཙུགས་སློབ་འབྲིང་147གྱི་སློབ་མ་ཁྲི་གཅིག་ལྷག་ཙམ་འགྲན་བསྡུར་ནང་ཞུགས་ཡོད། སློབ་མ་1600ཐོག་མའི་འགྲན་བསྡུར་ནང་ཞུགས་རྗེས། སློབ་འབྲིང་བཅུ་དྲུག་ནས་བདམས་པའི་སློབ་མ་བཞི་ཕྱེད་བསྡུར་དང་མཐའ་བསྡུར་ནང་ཞུགས་ཡོད་པ་རེད།
          ཀྲུང་གོའི་སྐད་ཡིག་སློབ་གསོ་ལྟེ་གནས་ཀྱི་ཀྲུའུ་ཞི་ཧོང་ཏོན་མིང་གིས་གསར་འགོད་པའི་བཅའ་འདྲི་དང་ལེན་བྱེད་སྐབས“ཀྲུང་གོ་སློབ་ཁང་དུ་བསྐྱོད”ཅེས་པའི་སློབ་འབྲིང་སློབ་མའི་ཤེས་བྱའི་འགྲན་བསྡུར་དེ་2004ལོར་སྤེལ་ཚུན་ཧྥི་ལི་ཕིན་གྱི་གཙོ་རྒྱུན་སྤྱི་ཚོགས་དང་སློབ་གསོའི་ལས་རིགས་ཀྱི་ཁས་ལེན་ཐོབ་ཡོད་ལ། སློབ་འབྲིང་ཁག་གིས་ལོ་ལྟར་འགྲན་བསྡུར་ནང་ཞུགས་རྒྱུར་གྲ་སྒྲིག་བྱ་ཆེད་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་སྦྱོང་རྒྱུ་དེ“སྤྱི་ཚོགས་རིག་པའི”སྦྱོང་དགོས་ངེས་ཀྱི་སློབ་ཚན་ནང་བཞག་ཡོད་ཅེས་བརྗོད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།