འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བལ་ཡུལ་གྱི"4.25"ས་ཡོམ་ཁྲོད་དུ་བོད་ལྗོངས་ཀྱི་གྲོང་མི་མང་ཚོགས་ཁྲི་1.4གནས་
    ཡུལ་གསར་པར་སྤོས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་06ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་4ཉིན། བོད་རང་སྐྱོང་ལྗོངས་གཞུང་ཕྱོགས་ཀྱིས"4.25"ཡི་ས་ཡོམ་གྱི་གེགས་སྐྱོན་བྱུང་རྗེས་བསྐྱར་སྐྲུན་ཁྲོད་ཁྱོན་བསྡོམས་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་70.04བཏང་བ་དང་། གནོད་སྐྱོན་བྱུང་བའི་དུད་ཁྱིམ་14093གྱི་མང་ཚོགས་ཚང་མ་གཞིས་རྩེ་གྲོང་ཁྱེར་བསམ་གྲུ་རྩེ་ཆུས་གསར་པར་གནས་སྤོས་ནས་འཚོ་བ་རོལ་འགོ་ཚུགས་ཡོད་ཅེས་ཡོངས་བསྒྲགས་བྱས་པ་རེད།
            2015ལོའི་ཟླ་4ཚེས་25ཉིན། བལ་པོར་ས་ཡོམ་རིམ་པ་8.1བརྒྱབ་སྟེ། བོད་ལྗོངས་གཞིས་རྩེའི་ས་ཆ་ཁ་ཤས་སུའང་གནོད་འཚེ་བྱུང་སྟེ་མི་ཤི་རྨས་དང་། སྡོད་ཁང་བརྡིབས་པ་སོགས་ཀྱི་དཔལ་འབྱོར་གྱོད་གུན་ཚབས་ཆེན་བྱུང་བ་རེད། ད་ལྟ་བར་དུ། ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ས་ཡོམ་གནོད་སྐྱོན་བྱུང་ཁུལ་དུ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་111.48བཏང་ཡོད་པ་རེད།
            གཞིས་རྩེ་གྲོང་ཁྱེར་གྱི་འགན་འཛིན་གཞོན་པ་བསམ་གྲུབ་ཚེ་རིང་གིས་བསམ་གྲུ་རྩེ་ཆུས་གསར་པ་བཙུགས་པ་ནི་གཞིས་རྩེ་གྲོང་ཁྱེར་གྱི"4.25"ས་ཡོམ་གནོད་སྐྱོན་བྱུང་རྗེས་བསྐྱར་སྐྲུན་ལས་དོན་གྱི་ལས་གྲྭ་གལ་ཆེན་ཞིག་ཡིན་པ་དང་། 2016ལོའི་ཟླ་5པར་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་བརྩམས་ལ། བདེ་འཁོད་སྡོད་ཁང་གི་ལས་གྲྭ་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་ཡོད་པས། གནོད་སྐྱོན་བྱུང་བའི་མང་ཚོགས་90%བདེ་བླག་ངང་སྡོད་ཁང་གསར་པར་སྤོས་ཡོད། ལྷག་ལུས་གནོད་སྐྱོན་བྱུང་བའི་འགྲམ་གྲོང་རྡལ་གྱི་དུད་ཁྱིམ་500ཙམ་གྱི་མང་ཚོགས་ཚོའང་ད་ལོའི་བོད་ཀྱི་ལོ་གསར་སྔོན་ལ་གནས་སྤོ་ལེགས་འགྲུབ་ཡོང་འཆར་ཡོད་ཅེས་ཁྱབ་བསྒྲགས་ཚོགས་འདུའི་ཐོག་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།