འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།2020ལོར་སླེབས་སྐབས་མཚོ་སྔོན་གྱི་མི་རེར་ཆ་སྙོམས་ལུས་རྩལ་ཐང་སྨི་ངོས་གྲུ་1.8
    ཡན་ཟིན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་06ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་གྱིས་བཏོན་པའི་《མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་ལག་བསྟར་འཆར་གཞིའི་(2016ལོ་ནས་2020ལོ་བར)》ནང་མངོན་པར་གཞིགས་ན། སྔོན་དཔག་བྱས་ན། 2020ལོར་སླེབས་སྐབས་མཚོ་སྔོན་ཞིང་ཆེན་གྱི་མི་རེར་ཆ་སྙོམས་ལུས་རྩལ་ཐང་སྨི་ངོས་གྲུ་1.8ཡན་ཟིན་རྒྱུ་དང་མི་ཁྲི་300ལྷག་ཙམ་གཟའ་འཁོར་རེར་ལུས་སྦྱོང་ནང་ཐེངས་གཅིག་གམ་དེ་ཡན་ཞུགས་ཐུབ་རེ་ཡོད་པ་རེད།
             དམངས་ཡོངས་ཀྱི་ལུས་སྦྱོང་ལ་སྐུལ་འདེད་གཏོང་ཆེད། སླད་ཕྱིན་ལོ་ལྔའི་ནང་། མཚོ་སྔོན་གྱིས་དམངས་ཡོངས་ལུས་སྦྱོང་བྱ་ཡུལ་གྱི་སྒྲིག་བཀོད་འཐུས་སྒོ་ཚང་དུ་ནུས་ལྡན་གཏོང་རྒྱུ་རེད། 2020ལོར་སླེབས་སྐབས་གྲོང་ཁྱེར་(ཀྲོའུ)དང་། རྫོང་། ཤང་གྲོང་། སྲིད་འཛིན་གྲོང་ཚོ། སྡེ་ཁུལ་གྱི་དམངས་ཡོངས་ལུས་རྩལ་ཁང་(ས་ཚིགས)བཅས་ཁག་གི་ལུས་སྦྱོང་གི་ཐབས་ལམ་ཡོངས་སུ་ཁྱབ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་དང་སློབ་གྲྭའི་ལུས་རྩལ་ཐང་གི་སྒྲིག་བཀོད་དང་ཡོ་བྱད་ཚང་མ་ཕྱོགས་ཡོངས་ནས་ཚད་ལོན་པ་བྱ་རྒྱུ་རེད།
             དེ་དང་ཆབས་ཅིག འཆར་གཞི་དེའི་ནང་། 2020ལོར་སླེབས་སྐབས་མཚོ་སྔོན་གྱིས་གསར་དུ་བསྐྲུན་པའི་སྡོད་གནས་ཁུལ་དང་སྡེ་ཁུལ་གྱི་ལུས་རྩལ་སྒྲིག་བཀོད་ཡོངས་སུ་ཁྱབ་པ་བྱ་རྒྱུ་དང་། གྲོང་ཁྱེར་དང་། ཀྲོའུ། རྫོང་བཅས་སུ་ཚད་ལྡན་གྱི་རྐང་རྩེད་སྤོ་ལོ་ཐང་དང་། ལན་ཆིའུ་སྤོ་ལོ་ཐང་། མདའ་འཕེན་ཐང་བཅས་ཡོངས་སུ་ཁྱབ་པ་བྱ་རྒྱུ། ཚད་ལྡན་མིན་པའི་རྐང་རྩེད་སྤོ་ལོ་ཐང་དང་ལན་ཆིའུ་སྤོ་ལོ་ཐང་སློབ་གྲྭ་དང་། ཤང་གྲོང་། སྡེ་ཁུལ་བཅས་སུ་ཁྱབ་པ་བྱ་རྒྱུ་རེད།
             གཞན་ཡང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱང་ཧའེ་ཉིང་གིས། 2020ལོར་སླེབས་སྐབས་མཚོ་སྔོན་གྱི་སྨན་བཅོས་སྒྲིག་གཞིར་རྒྱལ་དམངས་གཟུགས་གཞི་བརྟག་དཔྱད་ཚད་ལེན་ས་ཚིགས་ཡོངས་ཁྱབ་ངང་འཛུགས་རྒྱུ་དང་སྨན་བཅོས་འགན་ལེན་གཱ་ལུས་སྦྱོང་ཐད་སྤྱོད་ཆོག་ལུགས་ངོ་སྤྲོད་བྱས་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།