འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རིགས་ལྷ་རིས་དགེ་རྒན་གྱིས་ལན་ཀྲོའུ་རུ་སློབ་ཡོན་མི་ལེན་པར་ལག་རྩལ་འཁྲིད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་28ཉིན། 15:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    སྒོ་འབྱེད་ལག་རྩལ་སློབ་ཁྲིད་བྱེད་པ།
    སྒོ་འབྱེད་ལག་རྩལ་སློབ་ཁྲིད་བྱེད་པ།
            མི་དམངས་དྲ་བའི་འཕྲིན། ཟླ་12པའི་ཟླ་སྨད་དུ། ལན་ཀྲོའུ་གྲོང་ཁྱེར་དུ་གཞིས་ཆགས་པའི་བོད་རིགས་ལྷ་རིས་པ་ཤ་བོ་རྡོ་རྗེ་ལགས་ཀྱིས་ས་གནས་དེ་གའི་མང་ཚོགས་ལ་དམིགས་ནས"སྒོ་འབྱེད་ལག་རྩལ་སློབ་ཁྲིད"བྱས་ཏེ་བོད་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱས་པ་རེད།
             ཤ་བོ་རྡོ་རྗེ་ལགས་ལ་ལོ་ངོ་30ལྷག་ཙམ་རིང་གི་ལྷ་རིས་འབྲི་བཞེངས་ཀྱི་ཉམས་མྱོང་ཡོད་ཀྱང་། ཆུང་ངུའི་དུས་སུ་རི་མོ་འབྲི་སྦྱོང་བདེ་བླག་མ་བྱུང་བ་རེད། སྐབས་དེ་དུས། བསམ་བློའམ་ལྟ་ཚུལ་གྱི་ཤུགས་རྐྱེན་ཐེབས་སྟབས། ལྷ་རིས་པ་མང་པོ་ཞིག་གིས་ལག་རྩལ་དེ་ལས་སླ་པོར་ཕྱི་མིར་ཁྲིད་ཀྱི་མེད་པ་རེད། ལོ་མང་པོ་འབད་བརྩོན་ཧུར་ཐག་བྱས་མཐར། ད་ལྟའི་ཤ་བོ་རྡོ་རྗེ་ལགས་ནི་ལག་རྩལ་ལ་བྱང་ཆ་ལྡན་པས། རང་ཉིད་ཀྱི་རི་མོ་འབྲི་སྦྱོང་གི་ཀྱག་ཀྱོག་ལམ་བུ་དེ་འདྲ་ཞིག་ཡང་བསྐྱར་ཕྱི་རབས་པར་འབྱུང་དུ་མི་འཇུག་པའི་ཆེད། ཁོང་གིས་སྔ་གཞུག་ཏུ་ལྷ་རིས་འབྲི་བཞེངས་ཀྱི་སློབ་མ་300ལྷག་ཙམ་ལ་སློབ་ཡོན་མི་ལེན་པར་གསོ་སྐྱོང་བྱས་པ་དང་། དེའི་ཁྲོད་ཀྱི་སློབ་མ་མི་ཉུང་བ་ཞིག་ནི་ལྷ་རིས་པ་ཕུལ་བྱུང་ཅན་དུ་གྱུར་ཡོད་པ་རེད།
    ལྷ་རིས་པ་ཤ་བོ་རྡོ་རྗེ་ལགས་ཀྱིས་རང་ཉིད་ཀྱི་བྲིས་ཐང་ངོ་སྤྲོད་གནང་བ།
    ལྷ་རིས་པ་ཤ་བོ་རྡོ་རྗེ་ལགས་ཀྱིས་རང་ཉིད་ཀྱི་བྲིས་ཐང་ངོ་སྤྲོད་གནང་བ།
    སློབ་མར་སློབ་ཡོན་མ་བླངས་པར་ལྷ་རིས་འབྲི་སྦྱོང་བྱེད་དུ་འཇུག་པ།
    སློབ་མར་སློབ་ཡོན་མ་བླངས་པར་ལྷ་རིས་འབྲི་སྦྱོང་བྱེད་དུ་འཇུག་པ།
    ཧོ་ནན་ནས་ཡོང་བའི་ལྷ་རིས་འབྲི་བཞེངས་སློབ་མས་སྐྱ་ཐིག་ལེན་པ།
    ཧོ་ནན་ནས་ཡོང་བའི་ལྷ་རིས་འབྲི་བཞེངས་སློབ་མས་སྐྱ་ཐིག་ལེན་པ།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།