འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་དོགས་ཅན་5ཝེ་ཐེ་ནམ་ནས་རང་རྒྱལ་དུ་བཟུང་སྐྱེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་06ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་4ཉིན་གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱས་པར། ཉིན་ཤས་གོང་སྤྱི་བདེ་པུའུ་ཡི་སྒྲིག་འཛུགས་བཀོད་འདོམས་འོག་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་དོགས་ཅན་5(སྐམ་ས་ཆེ་མོའི་མི་1དང་ཐའེ་དབན་གྱི་མི་4)ཀོང་ཤིས་ཀྱི་མཛའ་གྲོགས་འགག་སྒོ་བརྒྱུད་ཝེ་ཐེ་ནམ་ནས་རང་རྒྱལ་དུ་བཟུང་སྐྱེལ་བྱས་པ་རེད།
           2016ལོའི་ཟླ་12པར་སྤྱི་བདེ་ལས་ཁུངས་ཀྱིས་གྱོད་གཞིའི་ཁུངས་སྣེར་བརྟག་དཔྱད་བྱེད་སྐབས། ཉེས་གསོག་དོགས་ཅན་པས་ཝེ་ཐེ་ནམ་དུ་ནག་ཚང་ཞིག་བཙུགས་ནས་རང་རྒྱལ་གྱི་ཀྲེ་ཅང་སོགས་སུ་གློག་འཕྲིན་དྲ་རྒྱའི་ཐོག་ནས་མང་ཚོགས་ལ་ཁ་བསླུས་བརྒྱབ་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད། འབྲེལ་ཡོད་གནས་ཚུལ་གྱི་སྙན་སེང་འབྱོར་རྗེས་སྤྱི་བདེ་པུས་དེ་མུར་མི་སྣ་བཏང་སྟེ་ཀྲེ་ཅང་སོགས་ས་གནས་ཀྱི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་ལས་གྲུབ་པའི་ལས་དོན་ཚོགས་ཆུང་ཝེ་ཐེ་ནམ་དུ་བསྐྱོད་དེ་གྱོད་གཞི་སྒྲུབ་གཉེར་གྱི་ལས་དོན་སྤེལ་བ་རེད། ཝེ་ཐེ་ནམ་དུ་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཆེ་མོ་ཁང་གི་ཤུགས་ཆེའི་རོགས་སྐྱོར་འོག་ལས་དོན་ཚོགས་ཆུང་གིས་ཝེ་ཐེ་ནམ་ཉེན་རྟོག་ཕྱོགས་དང་མཉམ་དུ་ཁུངས་སྣེར་གཞིགས་ནས་རྗེས་འདེད་བཏང་སྟེ་ཝེ་ཐེ་ནམ་ཧའེ་ཕང་གྲོང་ཁྱེར་ནས་ནག་ཚང་ཞིག་གཏོར་བ་དང་ཉེས་གསོག་དོགས་ཅན་5འཛིན་བཟུང་བྱས་པ་རེད། བརྟག་དཔྱད་བྱས་རྗེས། ཉེས་གསོག་ཚོགས་པ་དེས་རང་རྒྱལ་གྱི་སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་བཅས་ཀྱི་མི་སྣར་བརྫུས་ནས་ཀྲེ་ཅང་དང་ཧོ་ནན། ཀོང་ཤིས་སོགས་ས་གནས་ཀྱི་མང་ཚོགས་ལ་ཁ་པར་བརྒྱབ་ནས་ཁ་བསླུས་བརྒྱབ་པའི་བྱེད་སྤྱོད་སྤེལ་བ་དང་། ཁ་བསླུས་གྱོད་གཞི་27དང་གྱོད་འབྲེལ་དངུལ་མི་དམངས་ཤོག་སྒོར་ཁྲི་133ཙམ་ཡོད་པའི་གྱོད་གཞི་ཞིག་ཤེས་རྟོགས་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།