འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི"འཇུའི་བྲོ"ཀྲུང་དབྱང་བརྙན་འཕྲིན་ཁང་གི་དམིགས་གསལ་ལེ་ཚན་
    ནང་བརྙན་དུ་ཕབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་03ཉིན། 16:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་ཀྱི'འཇུའི་བྲོ'ཀྲུང་དབྱང་བརྙན་འཕྲིན་ཁང་གི་དམིགས་གསལ་ལེ་ཚན་
ནང་བརྙན་དུ་ཕབ་པ།
         མི་དམངས་དྲ་བའི་འཕྲིན། འཇུ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཁྱོངས་རྒྱས་རྫོང་ཤ་གསོས་ཤང་གི་གྲོང་ཚོ་ཞིག་ཡིན་པ་དང་། གྲགས་ཆེ་བའི་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་ལས་གཞི"འཇུའི་བྲོ"ནི་ཡུལ་དེ་ནས་བྱུང་བ་རེད།
         ཟླ་12པའི་ཚེས་26ཉིན་ནས་ཚེས་29ཉིན་བར། བོད་ལྗོངས་ཀྱི"འཇུའི་བྲོ"CCTV4ཡི་ཐོག་མའི་གསར་གཏོད་རིག་གནས་དངོས་དོན་མྱོང་རོལ་ལེ་ཚན་ཆེ་གྲས་རིགས་《ངོ་མཚར་རབ་ཏུ་ཆེ་བ་》ཞེས་པ་བརྙན་དུ་ཕབ་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི"འཇུའི་བྲོ"བརྙན་ཕབ་ཀྱི་ལེ་ཚན་དངོས་མིན་རིག་གནས་ནི་སྐུ་ཉིད་ངོ་མས་རྒྱུན་སྲུང་བྱེད་པའི་འདུ་ཤེས་ཏེ། འཛམ་གླིང་ཡོངས་ལ་ཀྲུང་གོའི་དངོས་མིན་རིག་གནས་ཤུལ་བཞག་ངོམས་སྟོན་བྱེད་རྒྱུ་ཡིན་པ་རེད། བརྙན་ཕབ་མཇུག་བསྒྲིལ་རྗེས། 2017ལོའི་དཔྱིད་གསར་དུས་ཆེན་ལ་CCTV4ཡི་མཚན་མོའི་དུས་བཟང་གི་ལེ་ཚན་དུ་བསྟན་རྒྱུ་ཡིན་པ་རེད། 
       ཆ་རྒྱུས་བྱུང་བ་ལྟར་ན། ད་རེས་པེ་ཅིང་དུ་བརྙན་ལ་ཕབ་པའི"འཇུའི་བྲོའི"འཁྲབ་སྟོན་པ་ཚང་མ་འཁྱོངས་རྒྱས་རྫོང་ཤ་གསོས་ཤང་གི་འཇུ་གྲོང་གི་གྲོང་མི་ཡིན་པ་དང་། དེའི་ཁྲོད་དུ་ལོ་ན་81ལ་ཕེབས་པའི"འཇུའི་བྲོའི"རྒྱུན་འཛིན་པ་ཉི་མ་དབང་ཕྱུག་ལགས་ནི་རང་ལོ་13ནས་རང་གི་ཕ་དང་སྤོ་བོ་རྣམ་གཉིས་དང་ལྷན་དུ"འཇུའི་བྲོ"སྦྱངས་པ་རེད། རང་ལོ་19རུ་སོན་དུས་ནས་"འཇུའི་བྲོའི་"དགེ་རྒན་དུ་གྱུར། ད་ཆ་ཉི་མ་དབང་ཕྱུག་ལགས་ནི་ཡུལ་དེའི་སྲིད་གཞུང་གིས་"འཇུའི་བྲོའི་"དགེ་རྒན་དུ་གདན་འདྲེན་ཞུས་པས། "འཇུའི་བྲོའི"སྒྱུ་རྩལ་གྱི་ཤུལ་འཛིན་པ་དང་། "འཇུའི་བྲོའི"ཤུལ་འཛིན་པ་གསོ་སྐྱོང་གནང་མཁན་དུ་གྱུར་པ་རེད།
    ༄༅།།བོད་ལྗོངས་ཀྱི'འཇུའི་བྲོ'ཀྲུང་དབྱང་བརྙན་འཕྲིན་ཁང་གི་དམིགས་གསལ་ལེ་ཚན་
ནང་བརྙན་དུ་ཕབ་པ།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།