འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོར་མཚོ་སྔོན་གྱི་རྫོང་དབུལ་པོ་6གི་ མི་ཁྲི་11དབུལ་སྒྲོལ་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་06ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། 2016ལོར་མཚོ་སྔོན་ཞིང་ཆེན་གྱི་ལས་འགན་གལ་ཆེན་ཨང་དང་པོ་དང་དམངས་འཚོའི་འདུ་འགོད་ཨང་དང་པོ་ཡིན་པའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཞིང་ཆེན་ཡོངས་ཀྱི་ལས་བྱེད་མང་ཚོགས་ཚོས་སྟོབས་ཤུགས་གོང་བུ་གཅིག་ཏུ་བསྒྲིལ་ནས་འགག་སྒྲོལ་གང་ཐུབ་བྱས་ཡོད། 2016ལོའི་ལོ་མཇུག་ཏུ། མཚོ་སྔོན་ཞིང་ཆེན་གྱིས་མི་རྣམས་དགའ་འོས་པའི་དབུལ་སྐྱོར་གྱི་སྦྱངས་འབྲས་ཤིག་བཏོད་ཡོད་པ་སྟེ། རྫོང་དབུལ་པོ་6གི་དབུལ་ཞྭ་ཕུད་པ་དང་། གྲོང་ཚོ་དབུལ་པོ་400དབུལ་སྒྲོལ་ཐུབ་པ། མི་འབོར་དབུལ་པོ་ཁྲི་11དབུལ་སྒྲོལ་བྱུང་བ་བཅས་ལོ་འཁོར་གྱི་དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས་པ་རེད།
           དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དྲག་པོར་རྒྱལ་ཁ་ལེན་ཆེད། མཚོ་སྔོན་ཞིང་ཆེན་གྱིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་ཇུས་གཞི་ཆེ་མོ་མཐའ་འཁྱོངས་ཀྱིས་ཕྱོགས་བསྡུས་རང་བཞིན་གྱི་ཁྱད་ཆོས་མངོན་གསལ་དོད་པ་དང་། ཁྱབ་རྒྱ་ཆེ་བ། དོན་སྙིང་ཆེན་པོ་ལྡན་པ་བཅས་ཀྱི“1+8+10”ཡི་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་མ་ལག་བཏོན་པ་དང་། 《དབུལ་པོ་ཕྱིར་འཐེན་དང་ཞིབ་བཤེར་རྩིས་ལེན་བྱེད་པའི་ཇུས་གཞི་》བཟོས་ནས་དུད་ཚང་དབུལ་པོ་དབུལ་སྒྲོལ་དང་གྲོང་ཚོ་དབུལ་པོ་དང་རྫོང་དབུལ་པོ་ཕྱིར་འཐེན་གྱི་ཚད་གཞི་སྔར་བས་ཁ་གསལ་དུ་བཏང་སྟེ། བཀོལ་སྤྱོད་བྱེད་རིམ་ཚད་ལྡན་དང་འཐུས་སྒོ་ཚང་དུ་བཏང་ཡོད། སྲིད་ཇུས་ཀྱི་སྟོན་ཕྱོགས་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ཐབས་མང་མཉམ་སྤྱོད་ཡག་པོ་སྤེལ་ཡོད།
             གནད་སྨིན་དབུལ་སྐྱོར་གྱི་འགག་རྩ་གནད་སྨིན་ངང་བྱེད་ཐབས་ལག་ལེན་བསྟར་རྒྱུར་ཐུག་ཡོད། མཚོ་སྔོན་ཞིང་ཆེན་གྱིས“ཁག་ཐེངས་བརྒྱད”ཀྱི་གནད་སྨིན་དབུལ་སྒྲོལ་གྱི་ལམ་ཐིག་བཟོས་ནས་རྣག་ཐོག་གཙག་འཁེལ་ཡོང་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཐད་དུད་ཚང་ལ་ཐོན་ལས་རྣམ་གྲངས་ཡོད་པ་དང་། གྲོང་ཚོར་མཉམ་སྡེབ་དཔལ་འབྱོར་ཡོད་པ། རྫོང་དུ་ཐོན་ལས་གླིང་ཡོད་པའི“ཕྱོགས་གསུམ་གཞི་གཅིག”གི་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཞིར་བཟུང་། མང་ཚོགས་དབུལ་པོ་ཁྲི་16.2ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱེད་རོགས་བྱས་ནས་དབུལ་སྐྱོར་ཐོན་ལས་གླིང་10བསྐྲུན་པ་དང་གྲོང་ཚོ་50རུ་ཡུལ་སྐོར་དབུལ་སྐྱོར་རྣམ་གྲངས་ལག་ལེན་བསྟར་བ་རེད། ཡུལ་གཞན་དུ་གནས་སྤོའི་དབུལ་སྐྱོར་གྱི་རྣམ་གྲངས་ལ་སྒོར་དུང་ཕྱུར་18.3བཏང་ཟིན་པ་དག་དུད་ཚང་ཁྲི་2.1དང་མི་ཁྲི་7.8དང་འབྲེལ་བའི་ལོ་འཁོར་གྱི་གནས་སྤོའི་རྣམ་གྲངས་ཚང་མ་ལས་འགོ་བཙུགས་ནས་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་སྡོད་ཁང་འཛུགས་སྐྲུན་བྱེད་ཚད་73%ལེགས་གྲུབ་ཟིན་ནས་རྣམ་གྲངས་ལས་འགོ་འཛུགས་ཚད་དང་ལས་གྲྭའི་འཕེལ་རིམ་ཚང་མ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།
           2016ལོའི་ཟླ་4པར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ལས་ཞུགས་གཞན་སྒྱུར་གྱི་དབུལ་སྐྱོར་འགག་སྒྲོལ་གྱི་འཆར་གཞི་དང་སྨན་བཅོས་འགན་ལེན་རོགས་སྐྱོབ་ཀྱི་དབུལ་སྐྱོར་འགག་སྒྲོལ་གྱི་འཆར་གཞི་ཁྱོན་ཡོངས་ནས་ལག་ལེན་བསྟར་འགོ་བཙུགས་པ་དང་། མི་འབོར་དབུལ་པོར་སྨན་བཅོས་བྱེད་པའི“ཆག་ཡང་གཅིག་དང་རྩ་ཆག་བདུན”དང་སྨན་བཅོས་གནད་སྨིན་དབུལ་སྐྱོར་གྱི“ཁྱབ་པ་བཅུའི”སྲིད་ཇུས་ཁྱོན་ཡོངས་ནས་ལག་ལེན་བསྟར་བས་མི་འབོར་དབུལ་པོའི་སྨན་བཅོས་ཀྱི་ཁུར་པོ་དངོས་འབྲེལ་ཡང་དུ་ཕྱིན་ཡོད། “སྦྲང་ཆར་ཟིལ་མའི་འཆར་གཞི”ལག་ལེན་ཤུགས་ཆེན་བསྟར་བས་མི་འབོར་དབུལ་པོའི་སྤྱི་ཕན་རང་བཞིན་གྱི་སྣོད་བཅུད་དོ་དམ་པའི་ལས་གནས་ཁྲི་1.45མང་དུ་ཕྱིན་ནས་མང་ཚོགས་དབུལ་པོའི་སྣོད་བཅུད་དོ་དམ་པའི་སྤྱི་ཕན་ལས་གནས་ཁྲི་1.88ཟིན་པ་དང་ལོ་རེར་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་2.16ཡོང་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།