འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཨོ་སི་ཁྲུ་ལི་ཡའི་རིགས་གཅིག་མཁས་ཅན་གྱིས་ཀྲུང་གོའི་སྒོ་དབྱེའི་སྲིད་ཇུས་ལ་བསྔགས་བརྗོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་06ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། མིག་སྔར་གོ་ལ་ཧྲིལ་པོ་ཅན་ལ་ངོ་རྒོལ་བྱེད་པའི་འཕེལ་ཕྱོགས་ཀྱི་མདུན་དུ། ཉེ་ཆར་ཤིས་ཉི་སློབ་ཆེན་ཚོང་དོན་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཧན་སི·ཧེང་ཏེ་ལི་ཤིས་ཁེ་(རྒྱ་སྐད་ཀྱི་མིང་ལ་ཧང་ཀྲེ་ཁོའོ་ཟེར)ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་ངོས་ནས་བརྗོད་ཚེ་ཀྲུང་གོའི་སྒོ་དབྱེའི་སྲིད་ཇུས་དེ་བས་གལ་འགངས་ཆེ་བ་ཞིག་ཡིན་པ་མངོན་གྱི་ཡོད་ཅེས་བརྗོད་པ་དང་། ཁོང་གིས་ད་དུང་ཀྲུང་གོའི་སྒོ་དབྱེའི་སྲིད་ཇུས་ལ་ཕྱོགས་མང་པོ་ལྡན་པར་བསྔགས་བརྗོད་ཀྱང་བྱས་པ་རེད།
             ཁོང་གིས་ཀྲུང་གོ་སྲིད་གཞུང་གི་སྒོ་དབྱེའི་ཁས་ལེན་དང་ཆོད་སེམས་ནི་ཐེ་ཚོམ་ཟ་མི་དགོས་པ་ཞིག་རེད། གང་ལགས་ཤེ་ན་སྒོ་དབྱེ་ནི་ཀྲུང་གོའི་ཁེ་ཕན་དང་མཐུན་པས་རེད། ངས་བལྟས་ན་ཀྲུང་གོའི་སྒོ་དབྱེའི་སྲིད་ཇུས་ལ་ཕྱོགས་གསུམ་ཚུད་ཡོད་དེ། ས་ཁུལ་མཉམ་འདྲེས་དང་། མ་འཇོག་མཉམ་འདྲེས། སྒྲིག་གཞི་མཉམ་འདྲེས་བཅས་རེད།
              དང་ཐོག“རྒྱུད་གཅིག་ལམ་གཅིག”གི་གྲོས་གཞི་ནི་ཀྲུང་གོའི་སྒོ་དབྱེའི་འཐབ་ཇུས་ཀྱི་བྱ་སྤྱོད་གསར་ཤོས་ཤིག་རེད། ཧང་ཀྲེ་ཁོའོ་ཡིས་གྲོས་གཞི་དེས་ས་ཁུལ་མཉམ་འདྲེས་ལ་སྐུལ་འདེད་གཏོང་ཐུབ་པ་དང་། ཁྱིམ་མཚེས་རྒྱལ་ཁབ་དང་ཀྲུང་གོའི་དཔལ་འབྱོར་མཉམ་འདྲེས་ཐུབ་རྒྱུར་རོགས་རམ་ཐུབ་པ་མ་ཟད། ད་དུང་ཀྲུང་གོས་དེའི་མིག་སྔའི་ཚོང་དོན་རོགས་ཟླ་གཙོ་བོར་བརྟེན་ཚད་ཆུང་དུ་འགྲོ་རྒྱུ་ཡིན་ཞེས་བརྗོད་བྱུང་།
             སྒོ་དབྱེའི་སྲིད་ཇུས་ཀྱི་ཕྱོགས་གཉིས་པ་ནི་ཀྲུང་གོ་དང་དེའི་ནུབ་ཕྱོགས་ཀྱི་ཚོང་དོན་རོགས་ཟླ་གཙོ་བོའི་དབར་མ་འཇོག་མཉམ་འདྲེས་བྱ་རྒྱུ་དེ་རེད། ཧང་ཀྲེ་ཁོའོ་ཡིས་ཀྲུང་གོ་འདི་ཉིད་ད་ཆ་རིམ་བཞིན་གོ་ལ་ཧྲིལ་པོའི་ཐད་ཀར་མ་འཇོག་བྱ་ཡུལ་ནས་གོ་ལ་ཧྲིལ་པོའི་མ་འཇོག་བྱེད་མཁན་གྱི་རྒྱལ་ཁབ་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད། ཀྲུང་གོས་ཕྱི་ཕྱོགས་ལ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག་ཕྱི་རྒྱལ་གྱི་ཁེ་ལས་ཀྱིས་ཀྱང་ཀྲུང་གོར་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ནང་གི་ཁྲོམ་རའི་སྒོ་མོ་འབྱེད་རྒྱུའི་རེ་བ་འདོན་རྒྱུ་རེད། དེར་བརྟེན་ཀྲུང་གོ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་དབར་གྱི་མ་འཇོག་མཉམ་འདྲེས་བྱེད་ཚད་མཐོ་རུ་འགྲོ་བ་དང་ཆབས་ཅིག་གོ་ལ་ཧྲིལ་པོའི་སྒོ་དབྱེའི་རྣམ་པ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུ་རེད་ཅེས་བརྗོད་བྱུང་།
            གཞན་ཡང་སྒོ་དབྱེའི་སྲིད་ཇུས་ཀྱི་རྣམ་པ་གཞན་ཞིག་ནི་སྒྲིག་གཞི་མཉམ་འདྲེས་བྱ་རྒྱུ་དེ་ཡིན་ཞིང་། དེའི་ནང་ཀྲུང་གོའི་མ་འཇོག་མཁན་དང་ཕྱི་རྒྱལ་གྱི་མཉམ་ལས་རོགས་ཟླས་ཐུན་མོང་ཐོག་མ་རྩ་འཇོག་པའི་ཁེ་ལས་དང་མཉམ་འདྲེས་དང་ཐུན་མོང་ཐོག་ཁྲོམ་ར་གསར་པ་གསར་འབྱེད་བྱ་རྒྱུ་ཚུད་ཡོད། ཧང་ཀྲེ་ཁོའོ་ཡིས་སྒྲིག་གཞི་མཉམ་འདྲེས་བྱས་ཚེ་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་ཐུབ་ནས་ཀྲུང་གོ་གོ་ལ་ཧྲིལ་པོའི་རིན་ཐང་སྦྲེལ་ཐག་ནང་འཇུག་རྒྱུ་དང་འབྲེལ། དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་རིང་ལུགས་དང་གོ་ལ་ཧྲིལ་པོ་ཅན་དང་གོ་ལྡོག་པའི་འཕེལ་ཕྱོགས་ལ་བག་ཟོན་ཡང་བྱེད་ཐུབ་ཅེས་བརྗོད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།