འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།གངས་ལྗོངས་གླག་རྒོད་ཀྱིས། སའི་གོ་ལའི་ལྷོ་སྣེར་གཤོག་རྩལ་ངོམས།

    ——བོད་ལྗོངས་རི་འཛེག་རུ་ཁག་གི་རུ་མིས་སའི་གོ་ལའི་ལྷོ་སྣེའི་རི་བོ་མཐོ་ཤོས་ཀྱི་རྩེ་མོར་འཛེགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་04ཉིན། 14:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།གངས་ལྗོངས་གླག་རྒོད་ཀྱིས། སའི་གོ་ལའི་ལྷོ་སྣེར་གཤོག་རྩལ་ངོམས།
          མི་དམངས་དྲ་བའི་འཕྲིན། པེ་ཅིང་དུས་ཚོད་2016ལོའི་ཟླ་12ཚེས་25ཉིན་གྱི་ཆུ་ཚོད་6དང་སྐར་མ་16ཐོག བོད་ལྗོངས་རི་འཛེག་རུ་ཁག་གི་རུ་མི་ཚེ་རིང་བསྟན་དར་དང་བདེ་ཆེན་དངོས་གྲུབ་གཉིས་ཀྲུང་གོའི་ས་གཤིས་སློབ་ཆེན་གྱི་རི་འཛེག་རུ་ཁག་དང་མཉམ་དུ་རྐང་ཐང་མར་སའི་གོ་ལའི་ལྷོ་སྣེར་འབྱོར་བས། "7+2"(འཛམ་གླིང་གི་གླིང་ཆེན་བདུན་གྱི་རི་རྩེ་མཐོ་ཤོས་ལ་འཛེག་པ་དང་རྐང་ཐང་མར་སའི་གོ་ལའི་ལྷོ་སྣེ་དང་བྱང་སྣེར་བསྐྱོད་)ཐེངས་ཐོག་མར་བྱས་རྗེས་རླབས་པོ་ཆེ་ཐོབ་པ་རེད། བོད་ལྗོངས་རི་འཛེག་རུ་ཁག་ཀྱང་འདིའི་དབང་གིས་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་8000ཡན་ཟིན་པའི་འཛམ་གླིང་གི་རི་རྩེ་མཐོན་པོ་14ལ་འཛེག་ཐུབ་པ་དང"7+2"ཡི་འགྲན་རྩོད་ལས"རྣམ་པར་རྒྱལ་བའི"གྲུབ་འབྲས་རླབས་པོ་ཆེ་བླངས་པ་རེད། 
          རང་རྒྱལ་དུ་མ་ལོག་གོང་ལ། ཚེ་རིང་བསྟན་དར་གྱིས་ཆི་ལི་རྒྱལ་ཁབ་ཀྱི་ཕུན་ཐཱ་ཨ་རེ་ནཱ་སི་(Punta Arenas)གྲོང་ཁྱེར་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་ཞུས་ཏེ་ཁོང་ཚོའི་བརྗེད་དུ་མེད་པའི་སའི་གོ་ལའི་ལྷོ་སྣེའི་འགྲུལ་བཞུད་བརྗོད་པ་རེད།
          ད་རེས་སའི་གོ་ལའི་ལྷོ་སྣེར་བསྐྱོད་པའི་ཀྲུང་གོའི་ས་གཤིས་སློབ་ཆེན་གྱི་རི་འཛེག་རུ་ཁག་ནི་དགེ་རྒན་གཉིས་དང་སློབ་མ་གསུམ་ལས་གྲུབ་ཅིང་། རུ་ཁག་འདི་ཉིད་2015ལོའི་ཟླ་12ཚེས་2ཉིན་སྐྱོད་འགོ་ཚུགས་ལ། སའི་གོ་ལའི་ལྷོ་སྣེར་འབྱོར་རྗེས། སྔ་གཞུག་ཏུ་ལྷོ་སྣེ་གླིང་གི་རི་མཐོ་ཤོས་ཏེ་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་5140ཟིན་པའི་ཝིན་སོན་རི་བོའི་(Vinson Massif)རྩེ་མོར་འཛེགས་པ་རེད།
    ༄༅།།གངས་ལྗོངས་གླག་རྒོད་ཀྱིས། སའི་གོ་ལའི་ལྷོ་སྣེར་གཤོག་རྩལ་ངོམས།
    ༄༅།།གངས་ལྗོངས་གླག་རྒོད་ཀྱིས། སའི་གོ་ལའི་ལྷོ་སྣེར་གཤོག་རྩལ་ངོམས།
    ༄༅།།གངས་ལྗོངས་གླག་རྒོད་ཀྱིས། སའི་གོ་ལའི་ལྷོ་སྣེར་གཤོག་རྩལ་ངོམས།
    ༄༅།།གངས་ལྗོངས་གླག་རྒོད་ཀྱིས། སའི་གོ་ལའི་ལྷོ་སྣེར་གཤོག་རྩལ་ངོམས།
    ༄༅།།གངས་ལྗོངས་གླག་རྒོད་ཀྱིས། སའི་གོ་ལའི་ལྷོ་སྣེར་གཤོག་རྩལ་ངོམས།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།