འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ལྷ་རིས་པ་མཁས་ཅན་གྱིས་ལན་ཀྲོའུ་རུ་ཡོན་མི་དགོས་པར་ལག་རྩལ་སློབ་ཁྲིད་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་29ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ཀྱི་ལྷ་རིས་པ་མཁས་ཅན་གྱིས་ལན་ཀྲོའུ་རུ་ཡོན་མི་དགོས་པར་ལག་རྩལ་སློབ་ཁྲིད་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་བ་12པའི་ཟླ་མཇུག་ཏུ་ལན་ཀྲོའུ་གྲོང་ཁྱེར་དུ་གཞིས་ཆགས་ནས་ཡུན་རིང་མ་སོང་བའི་བོད་ཀྱི་ལྷ་རིས་པ་མཁས་ཅན་ཤ་བོ་རྡོ་རྗེ་ཡིས་ས་གནས་དེ་གའི་དམངས་ཚོགས་ལ་ལྷ་རིས་ལག་རྩལ་སློབ་ཁྲིད་བྱེད་པར་བརྟེན་ནས་བོད་ཀྱི་རིག་གནས་སློབ་བརྒྱུད་བྱེད་ཀྱི་ཡོད་པ་རེད།
         ཤ་བོ་རྡོ་རྗེ་ལ་ལོ་ངོ་30ལྷག་རིང་གི་ལྷ་རིས་པའི་ཉམས་མྱོང་ཡོད་མོད། འོན་ཀྱང་བྱིས་དུས་སུ་ལྷ་རིས་སྦྱོང་བར་ལས་སླ་པོ་མིན་པ་སྟེ། སྐབས་དེའི་འདུ་ཤེས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ལྷ་རིས་པ་དགེ་རྒན་མང་པོས་ལྷ་རིས་ལག་རྩལ་ལས་སླ་པོ་གཞན་ལ་སློབ་ཀྱི་མེད་པ་རེད། ཤ་བོ་རྡོ་རྗེ་ཡིས་འབད་བརྩོན་རྒྱུན་ཆད་མེད་པ་བྱས་མཐར་ཁོང་གི་ལག་རྩལ་དང་སྒྱུ་རྩལ་ཕུལ་དུ་བྱུང་བར་གྱུར་ཡོད། ཁོང་གིས་རང་ཉིད་ཀྱི་སློབ་གཉེར་བྱེད་དཀའ་བའི་གནས་ཚུལ་བསྐྱར་དུ་མི་འབྱུང་བའི་ཆེད་དུ་སྔ་གཞུག་ཏུ་སློབ་ཡོན་མི་དགོས་པར་ལྷ་རིས་པ་300ལྷག་གསོ་སྐྱོང་བྱས་པ་རེད།
    ༄༅།།བོད་ཀྱི་ལྷ་རིས་པ་མཁས་ཅན་གྱིས་ལན་ཀྲོའུ་རུ་ཡོན་མི་དགོས་པར་ལག་རྩལ་སློབ་ཁྲིད་བྱས་པ།
    ༄༅།།བོད་ཀྱི་ལྷ་རིས་པ་མཁས་ཅན་གྱིས་ལན་ཀྲོའུ་རུ་ཡོན་མི་དགོས་པར་ལག་རྩལ་སློབ་ཁྲིད་བྱས་པ།
    ༄༅།།བོད་ཀྱི་ལྷ་རིས་པ་མཁས་ཅན་གྱིས་ལན་ཀྲོའུ་རུ་ཡོན་མི་དགོས་པར་ལག་རྩལ་སློབ་ཁྲིད་བྱས་པ།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།