འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་འཇར་མན་ལྕགས་ལམ་ཀུང་སིས་ལོ་གསར་པར་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་
    མཐོ་རུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་06ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 《དབྱི་ཐ་ལིའི་རྒྱ་ཁྲོམ》དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་ལྕགས་ལམ་ཀུང་སིས་2016ལོར“ཀྲུང་གོ་དང་འཇར་མན་གྱི་ལྕགས་ལམ་ལམ་ཐིག”ཐོག་དངོས་ཟོག་སྐྱེལ་འདྲེན་གྱི་ཟིན་ཐོ་གསར་པ་བཏོད་ཅིང་། 2017ལོར་སྔོན་དཔག་བྱས་ན་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་སྔར་བས་མང་དུ་ཤུགས་ཆེན་བཏང་ནས་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ཐོག་ལྕགས་ལམ་རིང་ཤོས་ཀྱི་ལམ་རྒྱུད་རྒྱལ་ཁབ་ཀྱི་ཚོང་དོན་འགྲོ་འོང་ལ་སྐུལ་འདེད་བཏང་སྟེ་དེང་རབས་ཀྱི“དར་གོས་ལམ་བུ”བསྐྱར་དུ་དར་རྒྱས་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
            འཇར་མན་རྒྱལ་ཕྲན་མཉམ་འབྲེལ་ལྕགས་ལམ་ཀུང་སིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2016ལོ་ཧྲིལ་པོར་ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་པོས་ལྕགས་ལམ་ལམ་ཐིག་དེ་བརྒྱུད་དོས་སྒམ་ཁྲི་4ལྷག་ཙམ་སྐྱེལ་འདྲེན་བྱས་ཡོད། ཧང་སངས་དགོས་པའི་གྲངས་གཞི་དེས་ལོ་གོང་མར་ལམ་ཐིག་དེའི་ཐོག་དོས་སྒམ་ཁྲི་3དང་ལྔ་སྟོང་སྐྱེལ་འདྲེན་བྱས་པའི་རྒྱལ་ཁབ་གཉིས་པོའི་ལྕགས་ལམ་ཚོང་དོན་འགྲོ་འོང་གི་སྐྱེལ་འདྲེན་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
            དེའི་ཐད་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་ལྕགས་ལམ་ཀུང་སིའི་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་རོ་ན་ཏེས“མིག་སྔར་རྒྱལ་ཁབ་གཉིས་པོའི་ལྕགས་ལམ་སྐྱེལ་འདྲེན་གྱི་མདུན་ལམ་བཟང་པོ་ནི་ང་ཚོས་སྔོན་དཔག་བྱས་ན་2020ལོར་གྲངས་གཞི་དེ་སྔར་ལས་མཐོ་རུ་འགྲོ་རྒྱུ་དང་ལོ་ཧྲིལ་པོར་དོས་སྒམ་ཁྲི་10སྐྱེལ་འདྲེན་བྱེད་པར་གདེང་ཚོད་ཡོད་པའི་རྒྱུ་མཚན་དེ་ཡིན”ཞེས་དཔྱད་གཏམ་སྤེལ་འདུག
      

    ཕྱོགས་བསྡུས་གསར་འགྱུར།