འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིས་པེན་•ལཱ་ཏེན་གྱི་བུ་འཛམ་གླིང་གི་འཇིགས་སྐུལ་རིང་ལུགས་པའི་གྲས་སུ་བཅུག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་06ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་5ཉིན། ཨ་རིའི་རྒྱལ་དོན་ཁང་གིས་ཝུའུ་སཱ་མ་•པེན་•ལཱ་ཏེན་གྱི་བུ་ཧ་མུའུ་ཀྲ་•པེན་•ལཱ་ཏེན་འཛམ་གླིང་གི་འཇིགས་སྐུལ་རིང་ལུགས་པའི་གྲས་སུ་འཇུག་རྒྱུ་མ་ཟད། ཁོ་བཀག་སྡོམ་བྱེད་རྒྱུ་ཡིན་པའི་ཡོངས་བསྒྲགས་བྱས་པ་རེད།
          ཨ་རིའི་རྒྱལ་དོན་ཁང་གིས་ཉིན་དེའི་གསལ་བསྒྲགས་ཤིག་གི་ནང་དུ་ཧ་མུའུ་ཀྲ་•པེན་•ལཱ་ཏེན"ནི་འཛམ་གླིང་གི་འཇིགས་སྐུལ་པ་ཡིན་པའི་དམིགས་འཛུགས་བྱས"པའི་གྲས་སུ་བཅུག་པ་དང་། ཨ་རིའི་ཁྲིམས་འཛིན་བདག་གཉེར་ཁྱབ་ཁོངས་སུ་ཁོ་དང་འབྲེལ་བའི་རྒྱུ་ནོར་ཚང་མ་བཀག་བསྐྱིལ་བྱས་པ་མ་ཟད། ཨ་རིའི་སྤྱི་དམངས་སུ་ཞིག་གིས་ཀྱང་ཁོ་དང་ཉོ་འཚོང་གི་འབྲེལ་བ་གང་ཡང་བྱས་མི་ཆོག་པའི་ཡོངས་བསྒྲགས་བྱས་པ་རེད།
             གསལ་བསྒྲགས་སུ། 2015ལོའི་ཟླ་8པར། ཧ་མུའུ་ཀྲ་•པེན་•ལཱ་ཏེན་དངོས་སུ"རྟེན་གཞིའི"རྩ་འཛུགས་སུ་ཞུགས་པ་མ་ཟད། སྒྲ་ལྡན་གཏམ་བཤད་ཅིག་ཏུ་རྩ་འཛུགས་འདི་ཉིད་ཀྱི་རྗེས་འཇུག་པ་ཚོར་ནུབ་ཕྱོགས་རྒྱལ་ཁབ་ཀྱི་རྒྱལ་སར་འཇིགས་སྐུལ་གྱི་འཇབ་རྒོལ་བྱེད་རྒྱུའི་སྐུལ་སློང་བྱས་འདུག་པ་དང་། 2016ལོའི་ཟླ་9པར། སྒྲ་ལྡན་གཏམ་བཤད་གཞན་ཞིག་ཏུ་ཨ་རིར་འཁོན་སློག་བསློག་པའི་བྱ་སྤྱོད་སྤེལ་རྒྱུ་ཡིན་པ་མ་ཟད། ཨ་རིའི་རྒྱལ་ཁོངས་དང་རྒྱལ་ཁབ་ཕྱིའི་ཨ་རིའི་སྤྱི་དམངས་ཚང་མ་ཁོང་ཚོའི་འཇབ་རྒོལ་གྱི་དམིགས་འབེན་ཡིན་ཞེས་བརྗོད་པ་བསྟན་འདུག
            ཨ་རིའི་རྒྱལ་དོན་ཁང་གིས་དུས་མཚུངས་སུ"རྟེན་གཞིའི"རྩ་འཛུགས་ཀྱི་ཡེ་མེན་ཡན་ལག་རྩ་འཛུགས"ཨ་རབ་གླིང་ཕྱེད་ཀྱི་རྟེན་གཞིའི་རྩ་འཛུགས"ཀྱི་འགོ་པ་གཙོ་བོ་དབྱི་པུའུ་ལཱ་ཤིན་•པན་ནཱ་ལཱ་ལ་ཆད་པ་གཅོད་རྒྱུ་ཡིན་ལུགས་ཡོངས་བསྒྲགས་བྱས་པ་རེད།
             2011ལོའི་ཟླ་5ཚེས་2ཉིན། "རྟེན་གཞིའི"རྩ་འཛུགས་ཀྱི་འགོ་པ་ཝུའུ་སཱ་མཱ་•པེན་•ལཱ་ཏེན་ནི་ཕ་ཁི་སི་ཐན་རྒྱལ་ཁབ་ཏུ་ཨ་རིའི་དམིགས་བསལ་དམག་དཔུང་གིས་ཚར་གཅོད་བྱས། ལོ་འགའི་རྗེས་སུ། "རྟེན་གཞིའི་"རྩ་འཛུགས་ཀྱི་ཟིལ་ཤུགས་དེ"དབྱི་སི་ལན་རྒྱལ་ཁབ"དྲག་སྤྱོད་རྩ་འཛུགས་ལས་ཇེ་ཞན་དུ་ཕྱིན་ཡོད་ནའང་། "རྟེན་གཞིའི"རྩ་འཛུགས་ཀྱི་ཤུགས་རྐྱེན་ནི་ཨེ་ཤ་ཡ་ལྷོ་མ་དང་། དབུས་ཤར་ཁུལ། ཨ་ཧྥེ་རི་ཁ་སོགས་སུ་སྔར་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།