འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།གནའ་བོའི་ཇ་འདྲེན་རྟ་ལམ་རྒྱུད་ཀྱི་རྣམ་པ་བཀྲ་བའི་ཚྭ་ཁ་ལྷོ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་03ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།གནའ་བོའི་ཇ་འདྲེན་རྟ་ལམ་རྒྱུད་ཀྱི་རྣམ་པ་བཀྲ་བའི་ཚྭ་ཁ་ལྷོ།
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་སྨར་ཁམས་རྗོང་མཁར་ནས་རྡོག་ཐོན་ཏེ་དམར་ལ་རི་བོ་བརྒལ་རྗེས་རྫ་ཆུ་དེད་ནས་ལྷོ་རུ་བསྐྱོད་དེ་ཡུན་ནན་དང་བོད་ལྗོངས་འབྲེལ་མཚམས་ཀྱི་གྲོག་རོང་དུ་གཟུགས་དབྱིབས“S”ལྟ་བུའི་ལུང་ཆུང་ངུ་ཞིག་ཡོད་པ་དེ་ནི་ཚྭ་ཐོན་པར་སྐད་གྲགས་ཁྱབ་པའི་བོད་ལྗོངས་ཀྱི་ཚྭ་ཁ་ལྷོ་ཞེས་པ་འདི་རུ་གནས་པ་རེད། ཚྭ་ཁ་ལྷོ་འཇང་རིགས་ཤང་ནི་བོད་རང་སྐྱོང་ལྗོངས་སྨར་ཁམས་རྫོང་གི་ཁོངས་སུ་གནས་ཡོད་པ་དང་། ལོ་རྒྱུས་ཐོག་འདི་ནི་བོད་ནས་འཇང་ས་དམ་དུ་སྐྱོད་པའི་འགྲུལ་ལམ་གནད་ཆེ་བ་ཞིག་ཡིན་པ་དང་། ཡུན་ནན་གྱི་ཇ་བོད་ལྗོངས་སུ་དབོར་འདྲེན་བྱེད་པར་ངེས་པར་དུ་ས་ཆ་འདིར་བརྒྱུད་དགོས་ཤིང་། ས་ཁམས་ཀྱི་གནས་བབ་དམིགས་བསལ་ཆེ་བས་ཡུལ་འདི་ནི་གནའ་བོའི་ཇ་འདྲེན་རྟ་ལམ་རྒྱུད་ཀྱི་གྲོང་རྡལ་གལ་ཆེན་ཞིག་ཏུ་གྱུར་པ་རེད། འདི་རུ་འཛམ་གླིང་ཐོག་གཅིག་ལས་གཉིས་མེད་ཀྱི་གནའ་བོའི་ཚྭ་བཟོ་བའི་ལག་རྩལ་ཡོད་ཅིང་། ཚྭ་ཁ་ལྷོ་རུ་ཚྭ་ལས་བྱེད་མཁན་ཚང་མ་བུད་མེད་ཚོ་ཡིན་པ་དང་། ཉིན་ལྟར་ཞོགས་པར་བུད་མེད་ཚོས་རྒྱབ་ཏུ་ཆུ་ཟོམ་ཁྱེར་ཏེ་གཙང་པོའི་འགྲམ་གྱི་ཚྭའི་ཁྲོན་པ་ནས་ཚྭ་ཆུ་ལེན་ཞིང་། རི་སྐེད་དུ་ཁྱེར་ཏེ་ཚྭ་ཞིང་དུ་བླུགས་པ་དང་། ཉིན་གཅིག་གཉིས་འགོར་རྗེས་ཚྭ་ཆུ་ཉི་འོད་དང་རླུང་ཤུགས་ཀྱི་འོག་སྐམ་སྟེ་ཚྭ་རུ་འགྱུར་ཡོད་པ་རེད།
    【1】  【2】  【3】  【4】  【5】
    ༄༅།།གནའ་བོའི་ཇ་འདྲེན་རྟ་ལམ་རྒྱུད་ཀྱི་རྣམ་པ་བཀྲ་བའི་ཚྭ་ཁ་ལྷོ།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།