འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་ཏུ་བྱུང་བའི་ས་ཡོམ་ལས་རྐྱེན་ལམ་དུ་ཤོར་བའི་མི་
    གྲངས་97ལ་འཕར་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་08ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་ཏུ་བྱུང་བའི་ས་ཡོམ་ལས་རྐྱེན་ལམ་དུ་ཤོར་བའི་མི་
གྲངས་97ལ་འཕར་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་7ཉིན་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་ཀྱི་གནོད་འཚེ་དོ་དམ་ཅུས་ཀྱི་མགྲིན་ཚབ་པས་ཉིན་དེའི་སྐྱ་རེངས་སུ་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་ཀྱི་སུའུ་མོན་ཏ་ལ་གླིང་ཕྲན་བྱང་རྒྱུད་ཀྱི་ཡ་ཆི་དམིགས་བསལ་ཁུལ་དུ་ས་ཡོམ་རིམ་པ་6.4བྱུང་ཞིང་། ས་ཡོམ་ལས་མི་97རྐྱེན་ལམ་དུ་ཤོར་བ་དང་མི་613ལ་རྨས་སྐྱོན་ཕོག་ཡོད་ལ། སྡོད་ཁང་དང་། ཚོང་ཁང་། སློབ་ཁང་། དབྱི་སི་ལན་གྱི་ཆོས་ཁང་སོགས་200ལས་བརྒལ་བར་གཏོར་སྐྱོན་ཐེབས་ཡོད་ཅེས་བཤད་པ་རེད། 
         ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔར་དམག་དཔུང་དང་ཉེན་རྟོག་ཕྱོགས་དང་། གེགས་སེལ་ལས་ཁུངས། རྒྱ་གྲམ་དམར་པོ་ཚོགས་པ་བཅས་ཀྱི་མི་སྣ་1000ལྷག་དང་། དང་བླངས་པ་ལས་གྲུབ་པའི་མྱུར་སྐྱོབ་དཔུང་ཁག་གེགས་སེལ་ལས་ཀར་ཞུགས་ཡོད་ཅིང་། རྐྱེན་ལམ་དུ་ཤོར་བའི་བེམ་པོ་བསྟུར་མར་རྙེད་བཞིན་ཡོད་པས། ཚོད་དཔག་བྱས་ན་རྐྱེན་ལམ་དུ་ཤོར་བའི་གྲངས་ཀ་ད་རུང་མུ་མཐུད་དུ་འཕར་སྲིད་པ་རེད། གཞུང་ཕྱོགས་ཀྱིས་མུ་མཐུད་དེ་ས་ཡོམ་ལས་བྱུང་བའི་གྱོང་གུན་བསྡོམས་རྩིས་རྒྱག་བཞིན་ཡོད་པ་རེད། ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་ཙུའོ་ཁོ་ཡིས་ཉིན་དེའི་སྔ་དྲོར་གཏམ་བཤད་བྱས་ནས་གནོད་ཐེབས་ས་ཁུལ་གྱི་མི་དམངས་ལ་སེམས་གསོའི་འཚམས་འདྲི་ཞུ་བ་དང་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུས་པ་མ་ཟད། ད་རུང་ཚེས་8ཉིན་ཡ་ཆི་ས་ཡོམ་གནོད་ཐེབས་ས་ཁུལ་དུ་གནོད་འཚེ་ཐེབས་ཚུལ་རྟོག་ཞིབ་བྱེད་པར་བསྐྱོད་རྒྱུའི་འཆར་གཞི་ཡོད་ཅེས་བཤད་པ་རེད།
         ཐེངས་འདིའི་ས་ཡོམ་ནི་ས་གནས་དེ་གའི་དུས་ཚོད་ཉིན་དེའི་ཆུ་ཚོད་5དང་སྐར་མ་3གྱི་སྟེང་བྱུང་ཞིང་། ས་ཡོམ་ལྟེ་བ་ནི་ཡ་ཆི་དམིགས་བསལ་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་པན་ཏ་ཡ་ཆི་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་90ཡོད་སར་ཡིན་པ་དང་། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་10ཡོད་པ་རེད། 
         ཡ་ཆི་ས་ཁུལ་དང་དེའི་ཉེ་འཁོར་གྱི་ས་ཆ་མང་པོ་ས་ཡོམ་འབྱུང་མང་བའི་ས་རྒྱུད་ཡིན་ཞིང་། 2004ལོའི་ཟླ་12པར་ཡ་ཆི་ས་ཁུལ་དུ་ས་ཡོམ་ཆེན་པོ་དང་རྒྱ་མཚོ་འཁྲུག་པའི་གནོད་འཚེ་བྱུང་བ་ལས་མི་སྣ་འབོར་ཆེན་ཤི་རྨས་བྱུང་བ་རེད།
    ༄༅།།ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་ཏུ་བྱུང་བའི་ས་ཡོམ་ལས་རྐྱེན་ལམ་དུ་ཤོར་བའི་མི་
གྲངས་97ལ་འཕར་ཡོད་པ།
    ༄༅།།ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་ཏུ་བྱུང་བའི་ས་ཡོམ་ལས་རྐྱེན་ལམ་དུ་ཤོར་བའི་མི་
གྲངས་97ལ་འཕར་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།