འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་བ་10རིང་དུ་འགག་སྒོ་ཡིས་གྱོད་འབྲེལ་ལྐོག་འདྲེན་འབྲུ་རིགས་ཏུན་ཁྲི་21.85
    ཟིན་པ་བདེན་དཔང་ར་སྤྲོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་08ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ད་ལོར་འགག་སྒོའི་སྤྱི་ཁྱབ་ལས་ཁུངས་ཀྱིས་འབྲས་སོགས་འབྲུ་རིགས་ལྐོག་འདྲེན་བྱེད་པར་རྡུང་རྡེག་ཚ་ནན་བཏང་ཞིང་། ཟླ་1པོ་ནས་ཟླ་10པའི་བར་དུ་རྒྱལ་ཡོངས་ཀྱི་འགག་སྒོ་ཡིས་འབྲས་སོགས་འབྲུ་རིགས་ལྐོག་འདྲེན་བྱས་པའི་ཉེས་གསོག་གྱོད་གཞི་57རྩད་གཅོད་བྱས་ཤིང་། གྱོད་འབྲེལ་དངུལ་འབབ་སྒོར་དུང་ཕྱུར་10.86ཟིན་པ་དང་། གྱོད་འབྲེལ་འབྲུ་རིགས་ཏུན་ཁྲི་21.85ཟིན་པ་བདེན་དཔང་ར་སྤྲོད་བྱས་པ་རེད།
         ཉེ་ཆར། ཝུའུ་ཧན་དང་། ནན་ཉིང་། ཁུན་མིང་སོགས་གྲོང་ཁྱེར་གྱི་འགག་སྒོ་ཡིས་འབྲུ་རིགས་ལྐོག་འདྲེན་གྱི་གྱོད་དོན་རྩད་གཅོད་བསྟུད་མར་བྱས་པ་རེད། ཝུའུ་ཧན་གྲོང་ཁྱེར་འགག་སྒོ་ཡིས་ཉེན་རྟོག་མི་སྣ་50ལྷག་མངགས་གཏོང་བྱས་ཏེ་ཧུའུ་པེ་ཞིང་ཆེན་གྱི་ཅིང་མོན་དང་། ཧྲ་དབྱང་། ཅིང་ཧྲན། ཡུན་མེང་བཅས་དང་། ཀོང་ཞི་ཞིང་ཆེན་གྱི་ནན་ཉིང་། ཁྲུང་ཆིང་སོགས་ས་གནས་དྲུག་ཏུ་དུས་མཉམ་དུ་བྱ་སྤྱོད་སྤེལ་ནས་དོགས་ཡོད་ཉེས་ཅན་15འཛིན་བཟུང་བྱས་པ་དང་། ཚོགས་ཁག་དེས་འབྲས་ཏུན་ཁྲི་1.07ལྐོག་འདྲེན་བྱས་པ་དོགས་གཞི་ཡོད་པ་བདེན་དཔང་ར་སྤྲོད་བྱས་ཤིང་། གྱོད་འབྲེལ་དངུལ་འབབ་སྒོར་ཁྲི་6000ཟིན་པ་རེད། ནན་ཉིང་གྲོང་ཁྱེར་འགག་སྒོ་ཡིས་ཀོང་ཞི་ཞིང་ཆེན་ཧྥང་ཁྲེན་གྲུ་ཁ་དང་ནན་ཉིང་གྲོང་ཁྱེར་དུ་འབྲས་ལྐོག་འདྲེན་བྱས་པ་དོགས་ཡོད་ཉེས་གསོག་ཚོགས་ཁག་ཅིག་གཏོར་ནས་ཁྲེན་ཆེ་གེ་མོ་བྱེད་གཏེ་ཡིན་པའི་དོགས་ཡོད་ཉེས་ཅན་7འཛིན་བཟུང་བྱས་པ་དང་། ཡུལ་དངོས་སུ་གྱོད་འབྲེལ་འབྲས་ཏུན་1300ལྷག་ཞིབ་བཤེར་རྩིས་ལེན་བྱས་པ་རེད། ཁུན་མིང་གྲོང་ཁྱེར་འགག་སྒོ་ཡིས་འབྲས་ལས་སྣོན་བཟོ་གྲྭས་གཡོ་འགེབས་བྱས་ནས་མཐའ་མཚམས་ནས་ལྐོག་འདྲེན་དང་། མངའ་ཁོངས་ནང་དུ་སྐྱེལ་འདྲེན། བྲིན་འཚོང་བཅས་བྱེད་པ་གཞི་གཅིག་ཏུ་བསྒྱུར་པའི་ཆེད་ལས་འབྲས་ལྐོག་འདྲེན་ཚོགས་ཁག་ཅིག་གཏོར་ནས་ཡུལ་དངོས་སུ་ལྐོག་འདྲེན་འབྲས་ཏུན་423ཞིབ་བཤེར་རྩིས་ལེན་བྱས་ཤིང་། ཚོགས་ཁག་དེས་འབྲས་ཧ་ལམ་ཏུན་ཁྲི་3.25ལྐོག་འདྲེན་བྱས་པ་དོགས་གཞི་ཡོད་པ་བདེན་དཔང་ར་སྤྲོད་བྱས་པ་དང་། གྱོད་འབྲེལ་དངུལ་འབབ་ཧ་ལམ་སྒོར་དུང་ཕྱུར་1.33ཟིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།