འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་གི་ཆེས་མཐོའི་མཐོ་གནོན་GILགློག་སྐྱེལ་ལས་གྲྭ་ཐོག་མ་ལས་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་18ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་16ཉིན། གློག་སྐྱེལ་འགྲོ་ལམ་གལ་ཆེན་ཐོག་བསྐྲུན་པའི་འཛམ་གླིང་གི་ཆེས་མཐོའི་མཐོ་གནོན་GILགློག་སྐྱེལ་ལས་གྲྭ་ཐོག་མ་སྟེ་སུའུ་ཐུང་GILམདོང་ལམ་བར་ཁྱམས་ལས་གྲྭ་ཅང་སུའུ་རུ་ལས་འགོ་ཚུགས་པ་དང་། ལས་གྲྭ་དེ་མིག་སྔར་འཛམ་གླིང་ཐོག་གློག་གནོན་རིམ་པ་མཐོ་ཤོས་དང་། སྐྱེལ་འདྲེན་གཤོང་ཚད་ཆེས་ཤོས། ལག་རྩལ་ཆུ་ཚད་ཆེས་སྔོན་ཐོན་བཅས་ཀྱི་ཚད་བརྒལ་བར་ཐག་གི་GILལས་གྲྭ་ཞིག་རེད།
         ཅང་སུའུ་རུ་ཡོད་པའི་སུའུ་ཐུང་GILམདོང་ལམ་གྱི་བར་ཁྱམས་ལས་གྲྭས་འབྲི་ཆུ་འཕྲེད་དུ་བཅད་པ་དང་། ཧོའེ་ནན་དང་། ནན་ཅིང་། ཧྲང་ཧའེ་བཅས་ཀྱི་ཆན་ཕུའུ་1000སྤེལ་རེས་ཀྱི་ཆེས་མཐོའི་གློག་གནོན་གྱི་གློག་སྐྱེལ་གློག་སྒྱུར་ལས་གྲྭའི་(ཧྭ་ཏུང་གི་ཆེས་མཐོའི་གློག་གནོན་གྱི་སྐོར་ལམ་བྱང་མའི་ལས་གྲྭ་)གཙང་བརྒལ་ལས་གྲྭ་ཞིག་ཡིན་པ་དེར་ཕུག་ལམ་ལ་རིང་ཚད་སྨི་5530དང་ཕུག་གི་སྒོར་མོའི་ཚངས་ཐིག་སྨི་12.1ཡོད་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་47.63བཏང་ནས་2019ལོར་བསྐྲུན་མཇུག་འགྲིལ་ཏེ་སྤྱོད་འགོ་ཚུགས་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།