འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་མཐོ་རིམ་སློབ་འབྲིང་གི་སློབ་མ་དབུལ་པོར་
    གནད་སྨིན་རོགས་དངུལ་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་16ཉིན། 08:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་2016ལོའི“832ཕུགས་འདུན་མངོན་འགྱུར་ཡོང་བའི་ལྕགས་རི་རིང་པོ་གསར་པའི་མཐོ་རིམ་སློབ་འབྲིང་གི་སློབ་མ་དབུལ་པོའི་གཅེས་སེམས་འདྲི་འཚོལ་བྱེད་སྒོའི་རྡོག་ཐོན་མཛད་སྒོ་དང་མཐོ་རིམ་སློབ་འབྲིང་གི་སློབ་མ་དབུལ་པོར་རོགས་དངུལ་སྤྲོད་པའི་གླེང་སྟེགས”པེ་ཅིང་དུ་གཉེར་བ་རེད། ལྕགས་རི་རིང་པོ་གསར་པའི་སྤྱི་ཕན་མཛུབ་ཁྲིད་དགེ་རྒན་དང་། གཅེས་སེམས་ཁེ་ལས། གཅེས་སེམས་སྨྱན་སྦྱོར། དང་བླངས་པ་བཅས་ལས་གྲུབ་པའི་འདྲི་འཚོལ་དཔུང་ཁག་གིས་ཧོ་པེ་དང་ཅང་ཤིས་སོགས་རྒྱལ་ཡོངས་ཀྱི་ཞིང་ཆེན་བཅུའི་རྫོང་དབུལ་པོར་གཅེས་སེམས་འདྲི་འཚོལ་གྱི་བྱེད་སྒོ་གཅིག་མཇུག་གཉིས་མཐུད་ངང་སྤེལ་རྒྱུ་རེད། ད་ཐེངས་ཀྱི་གཅེས་སེམས་འདྲི་འཚོལ་བྱེད་སྒོའི་ནང་དོན་གཙོ་བོ་ནི་སྤྱི་ཕན་ཞལ་འདེབས་དངུལ་བསྡུ་བ་དང་དུས་མཚུངས། མཐོ་རིམ་སློབ་འབྲིང་གི་སློབ་མ་དབུལ་པོའི་སློབ་ལ་འབད་བརྩོན་ལྷོད་མེད་དང་བརྩོན་འགྲུས་ཆེ་བའི་གཏམ་རྒྱུད་ཤེས་རྟོགས་བྱས་ཏེ་སློབ་མའི་བརྩོན་སེམས་འཕེལ་བ་བྱ་རྒྱུ་དེ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་མཐོ་རིམ་སློབ་འབྲིང་གི་སློབ་མ་དབུལ་པོ་བདེ་བླག་ངང་སློབ་གྲྭ་འགྲིམ་ཐུབ་ཆེད། ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་2007ལོའི་ཟླ་9པར“ལྕགས་རི་རིང་པོ་གསར་པའི་མཐོ་རིམ་སློབ་འབྲིང་གི་སློབ་མ་དབུལ་པོའི་རང་འབད་འཛིན་གྲྭའི་རྣམ་གྲངས”གཉེར་འགོ་ཚུགས་པ་དང་། རོགས་སྐྱོར་ཐོབ་པའི་སློབ་མ་ལས་གྲུབ་པའི་རང་འབད་འཛིན་གྲྭ་བཙུགས་པའི་བྱ་ཐབས་བརྒྱུད་སློབ་མ་ཚོར་དཔལ་འབྱོར་གྱི་རོགས་དངུལ་སྤྲོད་པ་དང་ཤེས་ལྡན་པར་འགྱུར་བར་རྒྱབ་སྐྱོར་བྱས་པ་རེད། 2015ལོའི་ལོ་མཇུག་བར་ཞིང་ཆེན་25ཡི་རྫོང་165རུ་རང་འབད་འཛིན་གྲྭ་401བཙུགས་པས་ཐད་ཀར་ཕན་པ་ཐོབ་མཁན་མི་ཐེངས་45995ཟིན་པ་དང་རིམ་རྩིས་ལྟར་ན་མ་དངུལ་སྒོར་ཁྲི་7205གྲབས་གསོག་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།