འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཕུའུ་ཀྲོའུ་རུ་སྐབས་བཞི་པའི་མཚོ་འགག་གཞོན་ནུའི་དུས་ཆེན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་16ཉིན། 08:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་13ནས་15བར་ཕུའུ་ཅན་ཕུའུ་ཀྲོའུ་རུ་སྐབས་བཞི་པའི་མཚོ་འགག་གཞོན་ནུའི་དུས་ཆེན་འགོ་ཚུགས་ཤིང་། སྐབས་འདིའི་མཚོ་འགག་གཞོན་ནུའི་དུས་ཆེན་གྱི་བརྗོད་བྱ་གཙོ་བོ་ནི“གཞོན་ནུ·མྱོང་རོལ·གསར་གཏོད”ཅེས་པ་ཡིན་ཞིང་། བྱེད་སྒོ་སྤེལ་རིང“རྒྱུན་གཏན་རང་བཞིན་དང་། རྒྱ་ཁྱབ་རང་བཞིན། དངོས་ཕན་རང་བཞིན”བཅས་ཀྱི་ལས་ཀའི་བླང་བྱར་དམ་པོར་གཞིགས་ནས། ལོ་ཧྲིལ་པོར་ངོགས་གཉིས་ཀྱི་གཞོན་ནུའི་ལས་གཏོད་ལས་ཞུགས་དང་། སློབ་གསོ། ཚན་རྩལ། ཞིང་ལས། ལུས་རྩལ། སྒྱུ་རྩལ། རིག་གནས། གསར་འགྱུར། སྤྱི་ཕན་སོགས་ཚུད་པའི་རིམ་སྤེལ་བྱེད་སྒོ་ཁག་30སྤེལ་རྩིས་ཡོད། མིག་སྔར་ངོགས་གཉིས་ཀྱི་གཞོན་ནུ་3000ལྷག་ཙམ་གྱིས་མིང་ཐོ་བཀོད་ནས་བྱེད་སྒོར་ཞུགས་པ་ལས་ཐའེ་དབན་གཞོན་ནུའི་ཚོགས་པ་30ཙམ་དང་། མཐོ་སློབ་100ཙམ། ཐའེ་དབན་གྱི་གཞོན་ནུ་600ལྷག་ཙམ་ནི་མཚོ་འགག་གཞོན་ནུའི་དུས་ཆེན་ལ་ཞུགས་ཐེངས་དང་པོ་ཡིན་པའི་ཐའེ་དབན་གྱི་ཕུལ་བྱུང་གཞོན་ནུ་ཤ་སྟག་རེད།
      

    ཕྱོགས་བསྡུས་གསར་འགྱུར།