འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་དཀའ་ངལ་ཡོད་པའི་མང་ཚོགས་ལ་
    ལས་ཞུགས་གཞན་སྒྱུར་ཐད་རོགས་རམ་བྱེད་དགོས་ཞེས་བཏོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་15ཉིན། 15:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལས་ཞུགས་བྱེད་འདོད་ཡོད་པ་དང་ཡིག་ཚགས་དང་གཱ་བཟོས་པའི་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་ལས་ཞུགས་གཞན་སྒྱུར་ཐད་རོགས་རམ་བྱས་ནས་མི་ཁྲི་1000ལྷག་ཙམ་དབུལ་སྒྲོལ་ཡོང་བ་བྱེད་དགོས་པ་དང་འབྲེལ་ལས་རིགས་གསོ་སྦྱོང་ནང་ཞུགས་འདོད་པའི་དཀའ་ངལ་ཡོད་པའི་མང་ཚོགས་ལོ་ལྟར་ཉུང་མཐར་ཡང་སློབ་ཡོན་སྤྲོད་མི་དགོས་པའི་ལས་རིགས་གསོ་སྦྱོང་ནང་ཐེངས་གཅིག་ཞུགས་ཐུབ་པ་བྱེད་དགོས། དེ་དང་དུས་མཚུངས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་འགན་བཅོལ་ནང་ཞུགས་རྒྱུ་དང་མུ་མཐུད་འགན་བཅོལ་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་ཁྲིམས་གཏན་འཁེལ་བའི་མི་སྣ་གཞི་རྩའི་རྒན་གསོ་དང་སྨན་བཅོས་འགན་བཅོལ་ནང་ཞུགས་རྒྱུ་ཁྱོན་ཡོངས་ལ་ཁྱབ་པ་བྱེད་དགོས་ཞེས་བཏོན་པ་རེད།
         མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་《དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཁྲོད་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་དབུལ་སྐྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་ནས་སླད་ཕྱིན་ངལ་ནུས་འདོན་མཁན་དང་ངལ་ནུས་འཇུག་སའི་ངལ་ནུས་སྦྲེལ་མཐུད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ངལ་ནུས་ཕྱིར་གཏོང་གི་དབུལ་སྒྲོལ་སྒྲིག་འཛུགས་བྱེད་ཚད་མཐོ་རུ་གཏོང་དགོས། ངལ་ནུས་འདོན་མཁན་དང་ངལ་ནུས་འཇུག་སའི་རོགས་སྐྱོར་གྱི་དམིགས་ཚད་དང་བྱེད་ཐབས་ཁ་གསལ་དུ་བཏང་ནས་སྲིད་ཇུས་ཀྱི་འདེགས་སྐྱོར་ལ་བརྟེན་ནས་ཁྲིད་སྟོན་བྱེད་པ་དང་། རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། དབང་ཆ་འགན་སྲུང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལས་ཞུགས་གཞན་སྒྱུར་བྱས་པའི་དཀའ་ངལ་ཡོད་པའི་མང་ཚོགས་ལས་ཞུགས་བརྟན་པོ་ཡོང་ཆེད་གཙོ་གནད་ཐོག་རོགས་སྐྱོར་བྱེད་དགོས་ཞེས་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།