འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཚན་རིག་རྟོག་ཞིབ་གྲུ་གཟིངས"རྒྱ་མཚོ་ཨང་དྲུག་པ"རྟགས་ཅན་གྱིས་རྒྱ་མཚོ་ཆེན་
    པོའི་འགྲུལ་སྐྱོད་ཐེངས་41པའི་ཐོག་མའི་འགྲུལ་ལམ་གྱི་ལས་འགན་ལེགས་སྒྲུབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་15ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཟླ་8ཚེས་13ཉིན་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའི་ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ཀྱི་ཁོངས་གཏོགས་ཀོང་ཀྲོའུ་རྒྱ་མཚོ་ས་གཤིས་བརྟག་དཔྱད་ཅུས་ནས་ཤེས་རྟོགས་བྱས་པ་ལྟར་ན། ཚེས་12ཉིན་བར་ཅུས་དེ་གའི་ཁོངས་གཏོགས་ཀྱི་ཚན་རིག་རྟོག་ཞིབ་གྲུ་གཟིངས“རྒྱ་མཚོ་ཨང་དྲུག་པ”རྟགས་ཅན་གྱིས་རྒྱ་མཚོ་ཆེན་པོའི་འགྲུལ་སྐྱོད་ཐེངས་41པའི་ཐོག་མའི་འགྲུལ་ལམ་གྱི་ཚན་རིག་རྟོག་ཞིབ་ལས་འགན་ལེགས་སྒྲུབ་བྱས་པ་རེད། ཉིན་35རིང་གི་མཚོ་ཐོག་ལས་དོན་སྒྲུབ་རིང་ཚན་རིག་རྟོག་ཞིབ་གྲུ་གཟིངས“རྒྱ་མཚོ་ཨང་དྲུག་པ”རྟགས་ཅན་གྱིས་རྟོག་ཞིབ་གྲུབ་འབྲས་མང་པོ་བླངས་ཏེ་རང་རྒྱལ་གྱིས་འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་ཁས་ལེན་ལག་བསྟར་བྱ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། “རྒྱ་མཚོ་ཨང་དྲུག་པ”རྟགས་ཅན་ནི་ཟླ་7ཚེས་8ཉིན་ཀོང་ཀྲོའུ་ནས་རྡོག་ཐོན་གྱིས་ཟླ་7ཚེས་18ཉིན་ཞི་བདེ་རྒྱ་མཚོ་ཆེན་པོ་ནུབ་མའི་མཚོ་རི་ཁུལ་དུ་འབྱོར་ནས་བརྟག་དཔྱད་ལས་དོན་བསྒྲུབ་འགོ་བརྩམས་པ་རེད།
         རྒྱ་མཚོ་ཆེན་པོའི་ལྷོ་སྣེ་ཚན་རིག་རྟོག་ཞིབ་བྱ་རྒྱུ་ནི་དོན་སྙིང་གལ་ཆེན་ལྡན་པའི་ཚན་རིག་བྱེད་སྒོ་ཞིག་ཡིན་ལ་རང་རྒྱལ་འདི་ཉིད་རྒྱལ་སྤྱིའི་མཚོ་གཏིང་ཐོན་ཁུངས་གསར་སྤེལ་ནང་ཞུགས་པ་དང་རྒྱལ་སྤྱིའི་མཚོ་གཏིང་ཐད་ཀྱི་རང་རྒྱལ་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། དེ་བཞིན་མིའི་རིགས་ཀྱིས་ཞི་བའི་ངང་ལྷོ་སྣེ་སྤྱོད་པ་བཅས་ཀྱི་ཐད་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།