འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཚོང་རྟགས་རེ་ཞུ་བྱེད་ཚད་ལོ་14བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་15ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་12ཉིན། རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་ཡུས་ཧྥ་ཁྲང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2015ལོར། རང་རྒྱལ་གྱི་ཚོང་རྟགས་རེ་ཞུ་བྱེད་ཚད་ཁག་ཁྲི་287.6ཟིན་ནས་ལོ་14བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་ཀྱི་ཡོད་པ་རེད། འདི་ལོའི་ཟླ་6པའི་ཟླ་མཇུག་བར། རང་རྒྱལ་གྱི་ཁྲོམ་རའི་བྱེད་པོ་ཁྲི་གཅིག་རེར་ཚོང་རྟགས་ཁག་1380ཡོད་པ་རེད།
         དེ་ཉིན་འཚོགས་པའི་སྐབས་གཉིས་པའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་བཟོ་ཚོང་གླེང་སྟེགས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཡུས་ཧྥ་ཁྲང་གིས་ཚོང་རྟགས་སྤུས་རྟགས་ཀྱི་འཕེལ་རྒྱས་འགྲོ་ཚུལ་ནི་རྒྱལ་ཁབ་གཅིག་གི་དཔལ་འབྱོར་གསོན་ཤུགས་ཀྱི་ཆར་བརྟག་ཡོ་བྱད་ལྟ་བུ་ཞིག་ཡིན། “རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་ནང་ཚོང་རྟགས་སྤུས་རྟགས་ལས་དོན་ལ་མཐོང་ཆེན་བྱས་ན། ཕྱི་རྒྱལ་ལ་ཁེ་ལས་ཀྱི་ཤེས་བྱའི་བདག་དབང་ཁྱབ་ཚད་ཆེ་རུ་གཏོང་བ་དང་འབྲེལ། ཕྱི་རྒྱལ་དུ་ཁེ་དབང་སྲུང་སྐྱོང་ལས་དོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཕན་པ་ཡོད་པ་དང་། ཀྲུང་གོའི་སྤུས་རྟགས“ཕྱིར་བསྐྱོད་རྒྱུར”རམ་འདེགས་དང་རྒྱལ་སྤྱིའི་གྲགས་ཅན་ཚོང་རྟགས་ཁག་གཅིག་སྐྱེད་སྲིང་ཐུབ་ནས་ཀྲུང་གོའི་སྤུས་རྟགས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།
         སྐབས་གཉིས་པའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་བཟོ་ཚོང་གླེང་སྟེགས་འདི་ལོའི་ཟླ་9ཚེས་12ཉིན་ཀོང་ཤིས་ནན་ཉིང་དུ་འཚོག་རྒྱུ་ཡིན་པ་དང་། བརྗོད་བྱ་གཙོ་བོ་ནི། “ཚོང་རྟགས་སྤུས་རྟགས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་དགོས”ཞེས་པ་ཡིན་པ་རེད། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སྲིད་གཞུང་དང་ཁེ་ལས་ཀྱི་འཐུས་མིས་རྒྱལ་ཁབ་ཁག་གི་ཚོང་རྟགས་སྤུས་རྟགས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་གནས་ཚུལ་གསར་ཤོས་ལ་མཉམ་དུ་གྲོས་བསྡུར་དང་། ཚོང་རྟགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་བས་ཟབ་ཏུ་གཏོང་རྒྱུར་སྤེལ་རེས། ཚོང་རྟགས་སྤུས་རྟགས་སྲུང་སྐྱོང་བྱ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཉིས་ཁེ་གཉིས་ཕན་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།