འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་རྨོ་ཞིང་གི་རྒྱ་ཁྱོན་མུའུ་དུང་ཕྱུར་20.25སྲུང་འཛིན་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་15ཉིན། 15:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གྲངས་གཞི་གསར་ཤོས་ལས་མངོན་དོན། མིག་སྔར་རང་རྒྱལ་གྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31གི་རྨོ་ཞིང་གི་རྒྱ་ཁྱོན་མུའུ་དུང་ཕྱུར་20.25སྲུང་འཛིན་ཐུབ་པས་རྒྱལ་ཡོངས་ཀྱི་རྨོ་ཞིང་རྒྱ་ཁྱོན་སྤྱིའི་ཆ་ནས་རང་འཇགས་སུ་གནས་ཡོད།
         ཚེས་10ཉིན་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་2015ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ས་ཞིང་འགྱུར་ལྡོག་བརྟག་དཔྱད་ཀྱི་གྲངས་གཞི་ལས་མངོན་པར། 2015ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31ལ་རྨོ་ཞིང་མུའུ་དུང་ཕྱུར་20.25དང་། ལྡུམ་ར་མུའུ་དུང་ཕྱུར་2.15 ནགས་ས་མུའུ་དུང་ཕྱུར་37.95 རྩྭ་ར་མུའུ་དུང་ཕྱུར་32.91 གྲོང་ཁྱེར་དང་། གྲོང་རྡལ། གྲོང་གསེབ། གཏེར་འདོན་དུ་སྤྱོད་པའི་ས་ཆ་མུའུ་དུང་ཕྱུར་4.17 འགྲིམ་འགྲུལ་སྐྱེལ་འདྲེན་ཐད་སྤྱོད་པའི་ས་ཆ་མུའུ་དུང་ཕྱུར་0.54 ཆུ་ཁོངས་དང་ཆུ་ཁོངས་སྒྲིག་བཀོད་ཐད་སྤྱོད་པའི་ས་ཆ་མུའུ་དུང་ཕྱུར་4.90བཅས་ཡོད། 2015ལོར་རྒྱལ་ཡོངས་ཀྱི་རྨོ་ཞིང་གི་དོན་དངོས་རྒྱ་ཁྱོན་མངོན་གསལ་གྱིས་ཆུང་དུ་ཕྱིན་མེད་པས་རྒྱལ་ཡོངས་རྨོ་ཞིང་གི་རྒྱ་ཁྱོན་སྤྱིའི་ཆ་ནས་རང་འཇགས་སུ་གནས་ཡོད།
         གྲངས་གཞི་ལས་མངོན་དོན། 2015ལོར་རྒྱལ་ཡོངས་ཀྱི་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཆ་གསར་དུ་བསྣན་པའི་བསྡོམས་འབོར་ན་ནིང་ལས་མུའུ་ཁྲི་292.8ཆག་སྟེ་ཆག་ཚད་27.4%ཟིན་པས་ཆག་ཚད་མངོན་གསལ་དོད་པ་དང་། ས་གནས་ཁག་གིས་སྤྱོད་པའི་དེ་སྔ་ཆོག་མཆན་ཐོབ་པའི་ས་ཆ་མུའུ་ཁྲི་148.4ཟིན་ནས་འཛུགས་སྐྲུན་ལ་ཉར་བའི་ས་ཆ་དེ་སྔའི་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཆ་གསར་དུ་བསྣན་པའི་བསྡོམས་འབོར་གྱི་20%ཙམ་དང་མཚུངས་ཀྱི་ཡོད། ས་གནས་ཁག་གིས་རྨོ་ཞིང་ལ་སྲུང་སྐྱོབ་ནན་པོ་དང་རྨོ་ཞིང་སྲུང་སྐྱོབ་ཀྱི་དམིགས་ཚད་དང་འགན་འཁྲི་དོན་འཁྱོལ་ཧུར་ཐག་བྱས་ནས་རྨོ་ཞིང་སྲུང་སྐྱོབ་ཀྱི་སྤུས་འབོར་གཉིས་ཀ་གལ་ཆེ་མཉམ་དུ་བཟུང་བས་ཕན་འབྲས་བཟང་པོ་ཐོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།