འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱིས་བུད་རྫས་ཀྱི་ཚབ་གློག་ནུས་ཀྱིས་བྱེད་པའི་རྣམ་གྲངས་ལག་ལེན་བསྟར་ཏེ་གངས་
    ལྗོངས་ས་མཐོར་ཕན་པ་བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་15ཉིན། 15:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་ཀྱི་ཁག་དང་པོའི་བུད་རྫས་ཀྱི་ཚབ་གློག་ནུས་ཀྱིས་བྱེད་པའི་རྣམ་གྲངས་ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་ཁང་ཆེན་སོགས་ཚན་པ་3ལ་གློག་གི་ཁྲོ་ཐབ་སྤྱད་དེ་དྲོད་གཏོང་ལས་གྲྭའི་ནང་སྤྱོད་འགོ་ཚུགས་ཤིང་། སྲིད་གཞུང་དང་ཁེ་ལས་ཀྱིས་མཉམ་ལས་ཐོག་སྐུལ་སྤེལ་བཏང་བའི་ལས་གྲྭ་དེར་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། བོད་དུ་གློག་ནུས་ཀྱིས་ཚབ་བྱེད་མེད་པ་ནས་ཡོད་པའི་བར་ཚད་བརྒལ་བྱུང་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བའི་བྱེད་ཐབས་གསར་པ་ཞིག་ཏུ་གྱུར་པ་རེད།
         གསར་འགོད་པར་ཉེ་ཆར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་7པའི་ཟླ་མཇུག་བར་རིམ་རྩིས་བྱས་ན་བོད་དུ་ཚབ་བྱེད་གློག་འབོར་ཆུ་ཚོད་ཆན་ཝ་ཁྲི་5124ཟིན་པ་དང་གཅིག་སྡུད་དྲོད་གཏོང་གློག་གི་ཁྲོ་ཐབ་31ཁྱབ་གདལ་བཏང་བར་གློག་སྒྱུར་ཤོང་ཚད་ཆན་ཕུའུ་ཨན་ཁྲི་27.35ཟིན་ཡོད། འབྲེལ་ཡོད་སྡེ་ཚན་དང་རིགས་གཅིག་མཁས་ཅན་གྱིས་དཔྱད་ཞིབ་བྱས་པའི་《བོད་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”གློག་ནུས་ཀྱིས་ཚབ་བྱེད་འཆར་འགོད་》ལ་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་བོད་ཀྱིས་གློག་ནུས་ཀྱིས་ཚབ་བྱེད་ཆུ་ཚོད་ཆན་ཝ་དུང་ཕྱུར་10གཏོང་ཐུབ་རེ་ཡོད་པ་དེ་ཚད་ལྡན་རྡོ་སོལ་ཏུན་ཁྲི་17.7གྲོན་ཆུང་ཐུབ་པ་དང་གཅིག་མཚུངས་རེད།
         ལས་རིགས་དེའི་རིགས་གཅིག་མཁས་ཅན་གྱིས་མིག་སྔར་བོད་ཀྱིས་ལག་ལེན་བསྟར་བཞིན་པའི་གློག་ནུས་ཀྱིས་ཚབ་བྱེད་རྣམ་གྲངས་དབང་གིས་སྦགས་བཙོག་ཕྱིར་འབུད་བྱེད་ཚད་ཉུང་དུ་འགྲོ་བ་དང་འབྱུང་རྩ་ནས་ས་མཐོའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཐུབ་ནས་སྣོད་བཅུད་ཁོར་ཡུག་ཡག་པོ་ཡོང་བའི་འགན་ལེན་ཐུབ་རྒྱུ་རེད་ཅེས་བཤད།
         རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལིའུ་ཞའོ་མིང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་གློག་ནུས་ཀྱིས་ཚབ་བྱེད་རྣམ་གྲངས་ལ་སྔོན་རྩིས་བྱས་ན་མ་འཇོག་བསྡོམས་སྒོར་དུང་ཕྱུར་21.96ཟིན་པ་དེ་བཟོ་སྐྲུན་དང་། འགྲིམ་འགྲུལ། ཁྱིམ་ཚང་འཚོ་བ་སོགས་ཁྱབ་ཁོངས་སུ་གཙོ་བོར་ཁྱབ་པ་དང་གློག་གི་ཐབ་ཆས་དང་། གློག་གི་ཕྲོ་ཐབ། གློག་སྒུལ་འགྲིམ་འགྲུལ་སོགས་གཙོ་གནད་རྣམ་གྲངས་ཚུད་ཡོད། འབྱུང་འགྱུར་ལོ་10ནི་བོད་ཀྱི་ནུས་རྒྱུའི་དགོས་མཁོ་འཕར་ཚད་མགྱོགས་ཤོས་ཀྱི་དུས་སྐབས་ཤིག་ཡིན་པས་ལྗང་མདོག་ནུས་རྒྱུ་(ཆུ་གློག་དང་ཉི་ནུས་གློག)འཕེལ་རྒྱས་གཏོང་རྒྱུ་གཙོ་བོར་བྱས་པའི་གློག་ནུས་ཀྱིས་ཚབ་བྱེད་ལག་རྩལ་དང་། རིག་སྟོབས་གློག་དྲ་དང་ནུས་རྒྱུ་གཙང་མའི་ནུས་རྒྱུ་བེད་སྤྱོད་མ་ལག་འཛུགས་སྐྲུན་ཤུགས་ཆེན་བྱེད་དགོས་ཞེས་བཤད་པ་རེད།
         “ཉིང་ཁྲི་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་བྱེད་པའི་ཁྲོད་ང་ཚོས་གློག་གི་ཁྲོ་ཐབ་དང་། ཚ་ཕུམ། གློག་གི་དྲོད་གཏོང་ཡོ་ཆས་སོགས་སྤྱོད་རྒྱུ་ཁྱབ་གདལ་བཏང་ནས་གློག་ནུས་ཀྱིས་ཚབ་བྱེད་དཔེ་སྟོན་གྲོང་རྡལ་དང་གློག་རླངས་ཅན་གྱི་དཔེ་སྟོན་གྲོང་ཚོ་གཏོད་རྒྱུ་ཡིན། སླད་ཕྱིན་བོད་ཀྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་འཛད་སྤྱོད་གསར་བརྗེའི་འཐབ་ཇུས་དོན་འཁྱོལ་བྱས་ཏེ་ཆ་རྐྱེན་ཡོད་པའི་ཞིང་འབྲོག་ཁུལ་དུ་ཆུ་གློག་དང་འོད་ཤུགས་གློག་གི་ལྷན་སྦྱར་གློག་དྲ་ནས་གློག་གཏོང་བའི་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གློག་དྲའི་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ་ཡིན”ཞེས་ལིའུ་ཞའོ་མིང་གིས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།