འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་ཤར་ནུབ་རྒྱུད་ཀྱི་མྱུར་བགྲོད་ལྕགས་ལམ་ཐད་འབྲེལ་ཐུབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་12ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་10ཉིན། ཤིས་ཨན་བབས་ཚུགས་བྱང་མའི་ཤིས་ཨན་ནས་ཁྲེང་ཏུའུ་བར་དང་ཏ་ཐུང་ནས་ཤིས་ཨན་བར་གྱི་མྱུར་བགྲོད་ལྕགས་ལམ་བྲེལ་བརྩོན་ཆེ་བའི་འཁོར་རྒྱུག་ཚོད་ལྟའི་དུས་མཚམས་སུ་སླེབས་པ་དང་འབྲེལ་ཟླ་9པར་སྤྱོད་འགོ་ཚུགས་རྒྱུ་རེད། སྐབས་དེ་དུས་ཀྲེང་ཀྲོའུ་ནས་ཤིས་ཨན་བར་གྱི་མྱུར་བགྲོད་ལྕགས་ལམ་དེ་ཀྲེང་ཀྲོའུ་ནས་ཞུས་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་དང་འབྲེལ་མཐུད་ཐུབ་ནས་རང་རྒྱལ་གྱི་ཤར་ནུབ་རྒྱུད་ཀྱི་མྱུར་བགྲོད་ལྕགས་ལམ་ཐད་འབྲེལ་ཐུབ་སྟེ་ཤིས་ཨན་འདི་ཉིད་རྒྱལ་ཡོངས་ཀྱི་མྱུར་བགྲོད་ལྕགས་ལམ་ཁྱབ་ཁོངས་ཆེ་མོའི་ནང་ཚུད་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཚུགས་སྟེགས་18དང་ལམ་ཐིག་34ཡོད་པའི་ཀྲེང་ཀྲོའུ་ནས་ཤིས་ཨན་བར་དང་། ཤིས་ཨན་ནས་ཁྲེང་ཏུའུ་དང་ཏཱ་ཐུང་ནས་ཤིས་ཨན་བར། དབྱིན་ཁྲོན་ནས་ཤིས་ཨན་བར་བཅས་ལྕགས་ལམ་གསུམ་ལས་གྲུབ་པའི་ཤིས་ཨན་བབས་ཚུགས་བྱང་མ་དེ་མིག་སྔར་ཨེ་ཤེ་ཡའི་གཞི་ཁྱོན་ཆེ་ཤོས་ཀྱི་མྱུར་བགྲོད་ལྕགས་ལམ་གྱི་བབས་ཚུགས་ཤིག་རེད། དེ་དག་དབར་འབྲེལ་གཏུག་སྐུད་ལམ་བཙུགས་པས་ཕན་ཚུན་སྦྲེལ་མཐུད་ཐུབ་པ་མ་ཟད། སྐྱེལ་འདྲེན་སྒྲིག་འཛུགས་ཀྱི་དགོས་མཁོ་ཡང་སྐོང་ཐུབ་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།