འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཉ་གྲུ་ཞིག་དང་ཀེ་རི་སེ་རྒྱལ་ཁབ་ཀྱི་ཟོག་འདྲེན་གྲུ་གཟིངས་ཞིག་ཤར་རྒྱ་མཚོའི་
    མཚོ་ཁོངས་སུ་གདོང་ཐུག་བརྒྱབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་12ཉིན། 11:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་11ཉིན་གྱི་ཞོགས་པར་ཏེའོ་ཡུས་གླེང་ཕྲན་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ་65ཡོད་པའི་མཚོ་ཁོངས་སུ་ཀྲུང་གོའི་ཉ་གྲུ་ཞིག་དང་ཀེ་རི་སེ་རྒྱལ་ཁབ་ཀྱི་ཟོག་འདྲེན་གྲུ་གཟིངས་ཆེ་གྲས་ཞིག་གདོང་ཐུག་བརྒྱབ་ནས་ཀྲུང་གོའི་ཉ་གྲུ་དེ་རྒྱ་མཚོའི་ནང་དུ་ཐིམ་པ་རེད།
         ཐུན་མོང་གསར་འགྱུར་ཁང་གིས་ལྗར་པན་གྱི་དོ་དམ་ས་ཁོངས་11པའི་མཚོ་ཐོག་བདེ་སྲུང་སྤྱི་ཁྱབ་པུའུ་ཡིས་ཟོག་འདྲེན་གྲུ་གཟིངས་ཀྱི་སྐྱབས་འཇུག་ཞུ་བའི་བརྡ་རྟགས་འབྱོར་རྗེས། འཕྲལ་མར་སྐོར་ཞིབ་གྲུ་གཟིངས་དང་གནམ་གྲུ་མངགས་གཏོང་བྱས་ནས་ཡུལ་དངོས་སུ་བསྐྱོད་པ་དང་། སྐབས་དེ་དུས་ཀྱི་གནམ་གཤིས་གནས་ཚུལ་ཧ་ཅང་ངན་པ་རེད། ལྗར་པན་གྱི་མཚོ་ཐོག་བདེ་སྲུང་ཐིང་གི་སྐོར་ཞིབ་གྲུ་གཟིངས་ཀྱིས་གྲུ་པ་6བསྐྱབས་པ་དང་། ད་དུང་སྟོབས་ཤུགས་ཡོད་རྒུས་རྒྱ་མཚོར་ལྷུངས་ནས་གར་སོང་ཆ་མེད་དུ་གྱུར་མཁན་མི་སྣ་འཚོལ་སྐྱོབ་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།