འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།"གློག་ཤུགས་མཁའ་ལམ"བརྒྱུད་ཕྱི་ཕྱོགས་སུ་བོད་ཀྱི་ཆུ་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་6ལྷག་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་12ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་9ཉིན། གསར་འགོད་པར་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་6ཚེས་4ཉིན་ལྡོག་སྐྱེལ་བྱས་པ་ནས་བཟུང་། མཚོ་བོད་དྲ་སྦྲེལ་ལས་གྲྭའི་ཚྭ་འདམ—ལྷ་ས་ནས་མཉམ་དུ་མཚོ་སྔོན་ཕྱོགས་ལ་བོད་ཀྱི་གློག་ནུས་ཆུ་ཚོད་ཆན་ཝ་དུང་ཕྱུར་2.72བསྐྱལ་བ་ལས་ལོ་ལྔ་འཁོར་རྒྱུག་བྱས་ཚུན་རིམ་རྩིས་བྱས་ན་བོད་ཀྱི་གློག་ནུས་ཆུ་ཚོད་ཆན་ཝ་དུང་ཕྱུར་3.04དང་ལེན་བེད་སྤྱོད་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2011ལོའི་ལོ་མཇུག་ནས་མཚོ་བོད་དྲ་སྦྲེལ་ལས་གྲྭ་འཁོར་རྒྱུག་བྱས་ཚུན། རིམ་རྩིས་བྱས་ན་བོད་དུ་གློག་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་33.97བཏང་བ་དང་དུས་མཚུངས། ཐད་རྒྱུག་མ་ལག་ནུས་ཚད་ཀྱི་ལྡོག་སྐྱེལ་བརྒྱུད་རིམ་རྩིས་བྱས་ན་བོད་ཀྱི་གློག་ནུས་ཆུ་ཚོད་ཆན་ཝ་དུང་ཕྱུར་6.04བཏང་བ་དེ་ཚད་ལྡན་རྡོ་སོལ་ཏུན་ཁྲི་49.17གྲོན་ཆུང་དང་དབྱང་གཉིས་ཐན་འགྱུར་ཏུན་ཁྲི་122.59ཉུང་འབུད་བྱས་པ་དང་གཅིག་མཚུངས་ཡིན་པ་དེས་བོད་ལྗོངས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་འགན་ལེན་དང་འདེགས་སྐྱོར་གང་ལེགས་བྱས་ནས་མཚོ་བོད་ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།
         རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་སྙོམས་སྒྲིག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲང་ཧུང་ཕིང་གིས། མཚོ་བོད་དྲ་འབྲེལ་ཚྭ་འདམ་ནས་ལྷ་ས་བར་གྱི་ཐད་རྒྱུག་མ་ལག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་བོད་དབུས་རྒྱུད་ཀྱི་ཆུ་གློག་དེ་ཆུ་རྒྱས་པའི་དུས་སུ་ཕྱིར་སྐྱེལ་ཐུབ་པའི་འགན་ལེན་བྱེད་ཕྱིར། 2015ལོའི་ཟླ་6ཚེས་1ཉིན། ཚྭ་འདམ་ནས་ལྷ་ས་བར་གྱི་ཐད་རྒྱུག་མ་ལག་ནས་ཁུར་ཐེག་ནུས་ཚད་ལྡན་པའི་ལྡོག་སྐྱེལ་བྱ་རྒྱུ་ཐོག་མར་ལེགས་གྲུབ་བྱུང་ཞིང་། ཉིན་དེ་རང་དུ་གློག་སྐྱེལ་ནུས་ཚད་མཐོ་ཤོས་ཀྲའོ་ཝ་100ཟིན་ནས་བོད་ཀྱི་ཕྱིར་གཏོང་གློག་ནུས་ཚང་མ་མཚོ་སྔོན་ས་ཁོངས་སུ་བེད་སྤྱོད་ཐུབ་པ་རེད། དེ་རྗེས་བོད་ཀྱི་དྭངས་གཙང་ཆུ་གློག་དེ་བས་མང་བ་ཕྱིར་གཏོང་འགན་ལེན་ཡོང་ཕྱིར། ཚྭ་འདམ་ནས་ལྷ་ས་བར་གྱི་ཐད་རྒྱུག་མ་ལག་ནས་སླར་ཡང་སྔ་རྗེས་སུ་ཕྱིར་གཏོང་ནུས་ཚད་མཐོ་རུ་ཐེངས་ལྔ་བཏང་བ་རེད། ཟླ་7ཚེས་27ཉིན། ནུས་ཚད་མཐོ་རུ་ཐེངས་དྲུག་པ་གཏོང་རྒྱུ་མངོན་འགྱུར་བྱུང་ནས། ཉིན་དེ་རང་ནས་བཟུང་། ཉིན་རེའི་ཞོགས་པའི་ཆུ་ཚོད་7ནས་8:30བར་དང་དགོང་མོའི་ཆུ་ཚོད་6:30ནས་ཐོ་རེངས་ཆུ་ཚོད་0བར་གྱི་གློག་བེད་སྤྱོད་ཆེ་ཤོས་ཀྱི་དུས་མཚམས་སུ་ཚྭ་འདམ་ནས་ལྷ་ས་བར་གྱི་ཐད་རྒྱུག་སྣེ་ཟུང་མ་ལག་ནས་ཕྱིར་གཏོང་ནུས་ཚད་ཀྲའོ་ཝ་400ཟིན་ཏེ། ཉིན་གཅིག་ལ་ཕྱིར་གཏོང་གློག་ཚད་ཆུ་ཚོད་ཆན་ཝ་ཁྲི་178ནས་ཆུ་ཚོད་ཆན་ཝ་ཁྲི་580བར་མཐོ་རུ་བཏང་ནས་ལོ་རྒྱུས་ཀྱི་མཐོ་ཤོས་བཏོད་པ་རེད། ཟླ་8ཚེས་7ཉིན་བར་དུ་མཚོ་བོད་དྲ་འབྲེལ་ཚྭ་འདམ་ནས་ལྷ་ས་བར་གྱི་ཐད་རྒྱུག་མ་ལག་ནས་རིམ་རྩིས་བྱས་ན་ཕྱི་ཕྱོགས་སུ་བོད་ཀྱི་གློག་ནུས་ཆན་ཝ་དུང་ཕྱུར་6.04བཏང་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
         ཆན་ཧྥུའུ་750ཡི་ཚྭ་འདམ་བརྗེ་རྒྱུག་ས་ཚིགས་དེ་མཚོ་བོད་དྲ་འབྲེལ་ལས་གྲྭའི་ཚྭ་འདམ་ནས་ལྷ་ས་བར་གྱི་ཐད་རྒྱུག་མ་ལག་གི“སྙིང་ཁ”ལྟ་བུར་བརྩི་བ་དེའི་ཐད་རྒྱུག་ལྡོག་སྐྱེལ་ནུས་ཚད་ཆེ་རུ་ཕྱིན་ནས་ས་ཚིགས་དེའི་འཁོར་སྐྱོད་དང་ཉམས་བཟོའི་ནུས་པར་ཚོད་བགམ་ནན་པོ་འཕྲད་བཞིན་ཡོད་པ་རེད། ཚྭ་འདམ་བརྗེ་རྒྱུག་ས་ཚིགས་ཀྱི་ཀྲན་ཀྲང་ཚའོ་ཁྲང་རུའེ་ཡིས། “ཕྱིར་གཏོང་ནུས་ཚད་ཆེ་བའི་རྐྱེན་གྱིས་བརྗེ་རྒྱུག་ས་ཚིགས་ཀྱི་བརྗེ་རྒྱུག་འགག་སྒོའི་འཁོར་སྐྱོད་དྲོད་ཚད་འཕར་ཏེ་འགག་སྒོའི་གྲང་བཟོས་མ་ལག་དང་མཁའ་རླུང་སྙོམས་སྒྲིག་མ་ལག་གཞི་རྩའི་ཆ་ནས་ཐེག་ཚད་ལས་བརྒལ་བའི་འཁོར་རྒྱུག་བྱེད་པ་དང་དུས་མཚུངས། ཐད་རྒྱུག་མ་ལག་ལ་སྐྱོན་ཤོར་རྗེས་སླར་ཡང་ཁ་ཕྱེ་བའི་གཏན་ཚིགས་ལྟར་ན། ཚྭ་འདམ་ནས་ལྷ་ས་བར་གྱི་ཐད་རྒྱུག་སྣེ་ཟུང་སྣོན་ཤུགས་ཡོད་ཚད་ཀྱིས་འཁོར་སྐྱོད་བྱེད་དགོས་པ་མ་ཟད། ཕྱིར་གཏོང་ནུས་ཚད་ཆུ་ཚོད་ཀྲའོ་ཝ་340ལས་དམའ་བ་ཡོད་པ་དང་དེ་བཞིན་ཚྭ་འདམ་ནས་ལྷ་ས་བར་གྱི་ཐད་རྒྱུག་མ་ལག་ལ་སྐྱོན་ཤོར་རྗེས་སླར་ཡང་ཁ་ཕྱེ་བའི་བརྒྱུད་རིམ་ཐེངས་གཉིས་བརྒྱུད་ཚེ་ཕྱིར་གཏོང་ནུས་ཚད་ཆུ་ཚོད་ཀྲའོ་ཝ་340ལས་མཐོ་བ་ཡོད་པས། མ་ལག་ལ་སྐྱོན་ཤོར་ནས་སླར་ཡང་ཁ་ཕྱེ་བའི་བརྒྱུད་རིམ་ཐེངས་གཅིག་ལས་མ་བརྒྱུད་ཀྱང་འཁོར་སྐྱོད་གནོན་ཤུགས་དང་ཉེན་ཁ་50%ཡན་མཐོ་རུ་འགྲོ་ཡི་ཡོད”ཅེས་ཤོད་ཀྱི་འདུག
      

    ཕྱོགས་བསྡུས་གསར་འགྱུར།