འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རིགས་གཞོན་ནུ་མས"མཉམ་ལས་ཁང་དང་ཞིང་དུད"མཉམ་གཉེར་བྱས་ཏེ་མང་ཚོགས་
    ཕྱུག་འགྱུར་གྱི་ཕྱོགས་སུ་ཁྲིད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་17ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    འདི་ནི་བཅོ་ལྔ་དང་ལས་མིས་གྲོང་མིའི་ས་ནས་བསྡུས་པའི་བྱ་སྒོང་ཡིན་པ།
    འདི་ནི་བཅོ་ལྔ་དང་ལས་མིས་གྲོང་མིའི་ས་ནས་བསྡུས་པའི་བྱ་སྒོང་ཡིན་པ།
         མི་དམངས་དྲ་བའི་འཕྲིན། 1999ལོར་མཐོ་རིམ་སློབ་འབྲིང་ཐོན་རྗེས། བོད་རིགས་གཞོན་ནུ་མ་བཅོ་ལྔ་བོད་ཀྱི་ཡུལ་སྐོར་གསར་སྤེལ་ཀུང་སིར་ལས་ཀར་ཞུགས་པ་དང་། 2010ལོའི་ཟླ་5པར་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་ཚོ་ལྔ་པའི་མཛེས་ལྗོངས་ཀྱི་ཅིང་ལི་བྱས། 2011ལོའི་ཟླ་6པར་ཁོང་གིས་ཕོགས་མེད་ལས་གནས་ཀྱི་རེ་ཞུ་བྱས་ནས་དུད་ཚང་24ཡི་གྲོང་མི་དང་མཉམ་དུ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་སེར་སྡིངས་གྲོང་ཚོར“ཨ་སྐྱིད་གླིང་གི་ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང”ཞེས་པ་ཐོ་འགོད་བྱས། ལོ་གཅིག་སོང་རྗེས་ཡོང་འབབ་ཀྱང་མི་དམན་པ་ཞིག་བྱུང་།
         2014ལོར་ཀོང་ཏུང་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་མཉམ་ལས་ཁང་ལ་སྒོར་ཁྲི་300ཙམ་གྱི་བོད་སྐྱོར་མ་དངུལ་བཏང་བ་དེ་བཟའ་བཏུང་དང་། ལྟ་སྐོར། འདམ་ར་མྱོང་རོལ་བཅས་གཞི་གཅིག་ཅན་གྱི་ཁྱད་ལྡན་སྣོད་བཅུད་སྤྲོ་གསེང་ཁུལ་འཛུགས་རྒྱུའི་ཐད་བཏང་བ་དང་ད་ཆ་ལས་མི་118ཙམ་ཡོད་པ་རེད།
         ཉིང་ཁྲིའི་ཡུལ་སྐོར་སྤྲོ་འཆམ་བྱ་གཞག་འཕེལ་རྒྱས་ཇེ་ཆེར་འགྲོ་བའི་རྣམ་པ་བཟང་པོའི་འོག་སེར་སྡིངས་གྲོང་ཚོའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་ཁྲོམ་རར་ཕྱོགས་ནས་ལག་ཤེས་ཐོན་རྫས་བྲིན་ཚོང་ཚོང་ཁང་བཙུགས་ཏེ་ཡུལ་སྐོར་བར་ལག་ཤེས་ཐོན་རྫས་བཙོངས་པའི་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་ཟིན་ཡོད།
         ཁྱད་ལྡན་གསོ་ཚགས་ནི་ཨ་སྐྱིད་མཉམ་ལས་ཁང་གི་རྣམ་གྲངས་གལ་ཆེན་ཞིག་ཡིན་པ་དང་ལོར་བོད་བྱ་དང་། ཡཱ་ཙེ། ངང་པ་བཅས་2000ལྷག་ཙམ་བཤས་གཏོང་གི་ཡོད།
         མཉམ་ལས་ཁང་གི་མིང་གྲགས་ཆེ་རུ་གཏོང་ཆེད། 2012ལོར་ཨ་སྐྱིད་གླིང་མཉམ་ལས་ཁང་གིས“ཀོང་པོ་ཨ་སྐྱིད”ཀྱི་ཚོང་རྟགས་ཐོ་འགོད་བྱས་ཐོག་སྐད་འཕྲིན་སྤྱི་རྟགས་སྟེགས་བུ་དང་དྲ་བའི་ཚོང་ཁང་བཙུགས་ནས་ཞིང་དུད་ཀྱི་ཞིང་འབྲོག་ནགས་བཅས་ཀྱི་ཐོན་ཟོག་འཚོང་རོགས་བྱས་པ་རེད།
         2015ལོར་ཨ་སྐྱིད་གླིང་མཉམ་ལས་ཁང་གི་ལོའི་ལས་གཉེར་ཡོང་འབབ་སྒོར་ཁྲི་400ཙམ་ཟིན་པ་དང་གྲོང་མིའི་ས་ནས་བོད་བྱ་དང་བོད་ཕག་སོགས་ཉོ་བ་དང་གྲོང་མི་བསྡུ་བ་དང་མ་རྐང་བགོ་བ་སོགས་ཀྱི་ཐབས་ལམ་སྤྱད་པར་བརྟེན་ཞིང་འབྲོག་མང་ཚོགས་དུད་ཚང་རེར་ཡོང་འབབ་སྒོར་8000བྱུང་ཡོད་པ་རེད།
         བཅོ་ལྔས“མཉམ་ལས་ཁང་འཛུགས་མཁན་དང་ཁྲིམས་མི་ཞིག་ཡིན་པའི་ངས་དགའ་སྐྱོ་གཉིས་ལྡན་གྱི་ལམ་ཞིག་བརྒྱུད་མྱོང་ཡོད། ངས་ལམ་དེ་བདམས་ཟིན་པས་ཕ་ཡུལ་གྱི་གཉེན་ཉེ་ཚོའི་རེ་བ་ཆུད་ཟོས་སུ་གཏོང་མི་སྲིད”ཅེས་བརྗོད་བྱུང་།
    འདི་ནི་བཅོ་ལྔས་ལོ་56ལ་སླེབས་པའི་ལས་མི་ངག་དབང་ལ་སྐད་འཕྲིན་སྤྱི་རྟགས་སྤྱོད་སྟངས་སློབ་པའི་གནས་ཚུལ་ཡིན་པ།
    འདི་ནི་བཅོ་ལྔས་ལོ་56ལ་སླེབས་པའི་ལས་མི་ངག་དབང་ལ་སྐད་འཕྲིན་སྤྱི་རྟགས་སྤྱོད་སྟངས་སློབ་པའི་གནས་ཚུལ་ཡིན་པ།
    འདི་ནི་བཅོ་ལྔས་ལོ་56ལ་སླེབས་པའི་ལས་མི་ངག་དབང་ལ་སྐད་འཕྲིན་སྤྱི་རྟགས་སྤྱོད་སྟངས་སློབ་པའི་གནས་ཚུལ་ཡིན་པ།
    འདི་ནི་བཅོ་ལྔས་ལོ་56ལ་སླེབས་པའི་ལས་མི་ངག་དབང་ལ་སྐད་འཕྲིན་སྤྱི་རྟགས་སྤྱོད་སྟངས་སློབ་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།