འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སའི་དཔྱིད་ཀའི་ངལ་རྩོལ་པའི་གཟུགས་བརྙན་མཛེས་ཤོས་འཚོལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་14ཉིན། 08:35】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ཡུལ་སྐོར་བ་ཕོ་བྲང་པོ་ཏ་ལའི་གཤམ་དུ་སྐྱོད་བཞིན་ཡོད་པ།
    ཡུལ་སྐོར་བ་ཕོ་བྲང་པོ་ཏ་ལའི་གཤམ་དུ་སྐྱོད་བཞིན་ཡོད་པ།
         ལྷ་སའི་དཔྱིད་དུས་ནི་དུས་ཚིགས་ཆེས་མཛེས་ཤིང་ལེགས་པ་ཡིན་ལ། དཔྱིད་དཔལ་ཁྲོད་ཀྱིམཛེས་ཤོས་ནི་ངལ་རྩོལ་པའི་གཟུགས་བརྙན་རེད།
         ངལ་རྩོལ་གྱིས་སྐམ་ཐེར་ཐེར་དུ་སྣང་བའི་འཛམ་བུ་གླིང་འདི་སྣ་མང་མཛེས་སྡུག་ལྡན་པར་སྒྱུར་གྱི་ཡོད་པ་དང་། ངལ་རྩོལ་གྱིས་མུ་མཐའ་མེད་པའི་བྱེ་ཐང་སྔོ་ལྗོངས་སུ་སྒྱུར་གྱི་ཡོད་ལ། ངལ་རྩོལ་གྱིས་འཚོ་བའི་བརྗིད་ཆགས་ཉམས་དགའི་གླུ་གཞས་མི་རབས་ནས་མི་རབས་བར་བརྒྱུད་གཏོང་ཡང་བྱེད་ཀྱིན་ཡོད།
         ངལ་རྩོལ་པ་ཡོངས་ནི་གླུ་གཞས་ཤིག་ཡིན་ལ། ངལ་རྩོལ་ཁྲོད་ཀྱི་ཞིབ་ཆ་རེ་རེ་ཚང་མ་སྙན་འཇེབས་ལྡན་པའི་དབྱངས་རྟ་རེ་རེ་ཡིན་པ་དང་། ངལ་རྩོལ་པ་ནི་ཞི་མཐུན་སྤྱི་ཚོགས་ཀྱི་ཆུ་རྒྱུན་རིང་མོའི་ནང་གི་ངོ་མཚར་གྱི་རླབས་ཕྲེང་ཟེགས་མ་རེ་རེ་ཡིན།
         ཁོར་ཡུག་གཙང་སྦྲ་བཟོ་པ། 
         གནམ་གྱི་སྐར་མ་དང་ས་ཐོག་ཟིལ་ཐིགས་ཀྱིས་སྐུ་ཉིད་ཀྱི་གཟུགས་བརྙན་རྒྱུས་མངའ་ཆེ་བ་དང་། དྭངས་གསལ་གྱི་ཟླ་བ་དང་ཀུན་གསལ་གྱི་གློག་སྒྲོན་གྱིས་སྐུ་ཉིད་ཀྱི་གཟུགས་བརྙན་རྒྱུས་མངའ་ཆེ་བ། ལམ་འགྲམ་གྱི་ཤིང་སྡོང་དང་རྣམ་པར་བཞད་པའི་མེ་ཏོག་གིས་སྐུ་ཉིད་ཀྱི་གཟུགས་བརྙན་རྒྱུས་མངའ་ཆེ་བ། ཞོགས་པའི་སྦྱོང་བརྡར་བྱེད་པའི་རྒན་རྒོན་ཚོ་དང་སློབ་གྲྭར་འགྲིམ་པའི་སློབ་མ་ཚོས་སྐུ་ཉིད་ཀྱི་སྐུ་གཟུགས་རྒྱུས་མངའ་ཆེ་བ་བཅས་ཡིན་པའི་རྒྱུ་མཚན་ནི་སྐུ་ཉིད་ཀྱིས་སྐྱ་རེངས་མ་ཤར་སྔོན་ལ། སྐུ་ཉིད་ཀྱིས་རང་ཉིད་ཀྱི་སེམས་ཤུགས་དང་རྔུལ་ཆུ་བཏང་ནས་གྲོང་ཁྱེར་འདི་ཉིད་ལ་མཛེས་ཤིང་སྡུག་པའི་བག་མ་གསར་པ་ལྟར་མཛེས་རྒྱན་སྤྲས་ཡོད་པས་རེད།
         ཨར་ལས་བཟོ་པ།
         སྐུ་ཉིད་ཀྱིས་རྙིང་ཧྲུལ་གོག་ཧྲུལ་དུ་གྱུར་པའི་གྱང་རོ་ཁང་ཤུལ་རྩིས་ལེན་བྱས་རུང་། སྐུ་ཉིད་ཀྱིས་ཐོག་བརྩེགས་ཁང་ཆེན་སྟར་སྒྲིག་པ་དང་ཕུན་སུམ་ཚོགས་པའི་ཁྲོམ་ལམ་རྩིས་སྤྲོད་གནང་ཡོད།
         གློག་ལས་བཟོ་པ།
         སྐུ་ཉིད་ཀྱིས་གློག་སྐུད་ཁྲི་སྟོང་མང་པོར་བརྟེན་ནས་གྲོང་ཁྱེར་མང་པོ་དང་། གྲོང་གསེབ་མང་པོ།  སྡེ་ཁུལ་མང་པོ།  ཁྱིམ་ཚང་ཁྲི་སྟོང་མང་པོ་བཅས་ཕྲེང་སྦྲེལ་གནང་བ་དང་། སྐུ་ཉིད་ཀྱིས་གློག་ཏོག་ཁྲི་སྟོང་མང་པོ་སྤྱད་དེ་མུན་ནག་དང་། ཁྱིམ་ཚང་ཁྲི་སྟོང་མང་པོ། མི་རྣམས་ཀྱི་མིག་དང་སེམས་སོགས་ལ་འོད་གསལ་གནང་ཡོད།
         ཞིང་པ་བགྲེས་སོང་།
         སྐུ་ཉིད་ཁྱིམ་དུ་བཞུགས་སྐབས། སེམས་ནང་ཞིང་ཁའི་ལོ་ཏོག་བསམ་པ་དང་། གྲོང་ཁྱེར་དུ་བཞུགས་དུས། སེམས་ནང་ཁྱིམ་གྱི་ཕྲུ་གུར་སེམས་ཁྲལ་གནང་བ། ཕ་ཡུལ་དང་གྱེས་ཏེ་ཕྱི་རོལ་དུ་སྐྱོད་དུས། སེམས་ནང་ཁྱིམ་ཚང་ལ་སེམས་ཁྲལ་གནང་བ་མ་ཟད་། ཞིང་ཁའི་ལོ་ཏོག་ལའང་སེམས་ཁྲལ་གནང་གི་ཡོད།
         གླ་པ་བྱེད་མཁན།
         གངས་ལྗོངས་ས་མཐོ་སྔར་ལས་མཛེས་ཤིང་སྡུག་པ་ཞིག་ཏུ་འཛུགས་སྐྲུན་བྱེད་ཆེད། ཁྱེད་རང་ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས་ཕྱོགས་བཞིར་བསྐྱོད་པ་དང་། ཁྱེད་རང་གཉེན་དང་རྒྱང་དུ་གྱེས་པ་དང་། ཕ་མ་རྒྱབ་ཏུ་བཞག་ཏེ་འབྱུང་འགྱུར་ཡིད་འོང་ལྷ་ས་སྔར་ལས་མཛེས་སྡུག་ལྡན་པར་འགྱུར་བར་བྱེད་པའི་ཆེད་དུ་རེད། 
         མཐོ་སྒང་གི་ས་གཤིས་གཤིན་པོ་འདི་རུ་ངལ་རྩོལ་བྱེད་མཁན་མི་རྣམས་ནི། གསོ་རླུང་དཀོན་ཡང་སྙིང་སྟོབས་རྒྱས་པ་དང་། ཁོང་ཚོ་ནི་མི་དཀྱུས་མ་ཡིན་ལ་རླབས་པོ་ཆེ་ཡང་ཡིན། ཁོང་ཚོས་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་ང་ཚོའི་དེ་རིང་གི་བདེ་སྐྱིད་འཚོ་བ་བསྐྲུན་ཡོད། ངལ་རྩོལ་པ་ནི་སྒེར་སེམས་མེད་པ་ཞིག་ཡིན་ཏེ། ཁོང་ཚོས་བློ་གྲོས་ལྡན་པའི་ལག་ཟུང་ལ་བརྟེན་ནས་ཕུགས་འདུན་གྱི་དཔར་འབར་སྒྲེང་པ་དང་། ཁོང་ཚོས་ལང་ཚོ་དང་རྔུལ་ཆུ་ཕུལ་བ་དུས་མཚུངས་སུ་ཡིད་འོང་ལྷ་ས་སྔར་ལས་མཛེས་སྡུག་ལྡན་པ་དང་སྔར་ལས་ཞི་མཐུན་ལྡན་པར་སྒྱུར་བཞིན་ཡོད།
    【1】  【2】  【3】  【4】  【5】  【6】
      

    ཕྱོགས་བསྡུས་གསར་འགྱུར།