འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།"ཨར་ཀ་རྒྱག་པ"——བོད་ལྗོངས་ཀྱི་སྲོལ་རྒྱུན་བཟོ་སྐྲུན་ལས་ཡུལ་གྱི་ཞབས་བྲོ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་14ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།'ཨར་ཀ་རྒྱག་པ'——བོད་ལྗོངས་ཀྱི་སྲོལ་རྒྱུན་བཟོ་སྐྲུན་ལས་ཡུལ་གྱི་ཞབས་བྲོ།
         ཉེ་ཆར་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་རྨེ་རུ་དགོན་ཉམས་གསོ་བྱེད་འགོ་བརྩམས་པ་དང་། ལག་བཟོ་པ་ཚོས་གནའ་བོའི"ཨར་ཀ་རྒྱག་པའི"བཟོ་རྩལ་གྱིས་དགོན་པའི་ཁང་སྟེང་ཉམས་གསོ་བྱེད་ཀྱི་ཡོད། "ཨར་ཀ་རྒྱག་པ"ནི་བོད་མི་རིགས་ཀྱིས་ཁང་སྟེང་དང་ཁང་པའི་ནང་གི་ས་ངོས་བཟོ་བའི་སྲོལ་རྒྱུན་གྱི་བཟོ་སྐྲུན་ལག་རྩལ་ཞིག་ཡིན་པ་དང་། ས་གནས་དེ་གར་དམིགས་བསལ་དུ་ཡོད་པའི"ཨར་ཀ་"ཞེས་པའི་ས་དང་། རྡོ་ཧྲུག ཆུ་བཅས་བསྲེས་ནས་ས་ངོས་དང་ཁང་སྟེང་དུ་བཏིང་རྗེས། མི་ཤུགས་ལ་བརྟེན་ནས་ཡང་ཡང་བརྒྱབ་ནས་སྲ་མཁྲེགས་པོ་དང་། འཇམ་པོ། ཆུ་མི་སིམ་པ་བཅས་བཟོ་བཞིན་ཡོད། བོད་རིགས་མི་དམངས་ཀྱིས་དུས་ཡུན་རིང་པོའི་ངལ་རྩོལ་བྱེད་རིང་ངལ་རྩོལ་བྱེད་པ་དང་ཆབས་ཅིག་གླུ་དབྱངས་ལེན་པའི་གོམས་གཤིས་ཤིག་ཆགས་པ་དང་། "ཨར་ཀ་རྒྱག་པའི་"སྐབས་སུ་ཡང་ངལ་རྩོལ་པ་ཚོས་ལག་ཏུ་ཨར་ཤིང་རེ་བཟུང་ནས་གྲ་འགྲིག་གཅིག་གྱུར་གྱིས་གླུ་དབྱངས་ལེན་བཞིན་ས་ལ་བརྒྱབ་སྟེ་དཀའ་ལས་ཆེ་ཞིང་འགྱུར་བ་མེད་པའི་ལུས་པོའི་ངལ་རྩོལ་དེ་ཡང་ཞིང་འཁྲུག་ཆ་ལྡན་པའི་ངལ་རྩོལ་དུ་འགྱུར་བར་བྱས་ཡོད།
    【1】  【2】  【3】  【4】  【5】
    ༄༅།།'ཨར་ཀ་རྒྱག་པ'——བོད་ལྗོངས་ཀྱི་སྲོལ་རྒྱུན་བཟོ་སྐྲུན་ལས་ཡུལ་གྱི་ཞབས་བྲོ།
      

    ཕྱོགས་བསྡུས་གསར་འགྱུར།