འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོ་པི་ཡིས་ཁྱིམ་མི་དང་ལྷན་དུ་རྩེར་སོན་པའི་དུས་སྐབས་ལོངས་སུ་མཉམ་སྤྱོད་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་15ཉིན། 15:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    2016ལོའི་ཟླ་4ཚེས་13ཉིན་འགྲན་བསྡུར་མཇུག་རྫོགས་རྗེས་ཁོ་པི་ཡིས་རང་གི་ཆུང་མ་ཝ་ཉི་ཧྲར་འོ་བྱེད་པ།
    2016ལོའི་ཟླ་4ཚེས་13ཉིན་འགྲན་བསྡུར་མཇུག་རྫོགས་རྗེས་ཁོ་པི་ཡིས་རང་གི་ཆུང་མ་ཝ་ཉི་ཧྲར་འོ་བྱེད་པ།
         མི་དམངས་དྲ་བའི་འཕྲིན། 2016ལོའི་ཟླ་4ཚེས་13ཉིན་ཁོ་པི་•པུའུ་ལའེ་ཨེན་ཐེ་(Kobe Bryant)ཡིས་ལུའོ་ཧྲན་ཅིའི་ཧུའུ་རེན་ལག་རྩེད་སྤོ་ལོ་རུ་ཁག་(L.A. Lakers)གི་བདག་རེས་ལག་རྩེད་སྤོ་ལོ་འགྲན་བསྡུར་ནང་སྐར་མ་60བླངས་ནས་རང་ཉིད་ཀྱི་ཆེད་ལས་ལག་རྩེད་སྤོ་ལོའི་ལོ་རྒྱུས་མཇུག་བསྒྲིལ་བའི་ངོ་མཚར་ཆེ་བ་བསྟན་པ་རེད། ངོ་མཚར་ཆེ་བའི་གཏམ་རྒྱུད་བརྩམས་པའི་ལག་རྩེད་སྤོ་ལོ་རྩེད་མཁན་གྲགས་ཅན་ཞིག་ཡུན་རིང་རང་ཉིད་དང་འགྲོགས་པའི་ཆེད་ལས་ལག་རྩེད་སྤོ་ལོ་དང་གྱེས་པ་རེད། ཁོང་གིས་ལུའོ་ཧྲན་ཅིའི་ཧུའུ་རེན་ལག་རྩེད་སྤོ་ལོ་རུ་ཁག་དང་ལག་རྩེད་སྤོ་ལོ་རྩེད་པར་དགའ་བ་ཚོར་ངོ་མཚར་ཆེ་བའི་གཏམ་རྒྱུད་ཅིག་དང་། ཡིད་ཕམ་དང་གཟི་བརྗིད། ཐེ་ཚོམ་དང་རྒྱུན་འཁྱོངས་བཅས་ཤུལ་དུ་བཞག་པ་རེད། ཁོང་ནི་NBAའགྲན་རའི་ཐོག་ལོ་20རིང་ལ་སྤོ་ལོ་རུ་ཁག་གཅིག་ཏུ་བློ་གཏད་འབད་བརྩོན་བྱས་པའི་མི་དང་པོ་ཡིན་པ་རེད།
         རབ་གསལ་འོད་འདུས་གློག་སྒྲོན་འོག་ཐོག་མཐའ་བར་གསུམ་དུ་ཁོང་གི་འཁྲིས་སུ་ལངས་པ་དང་ཁོང་དང་འགྲོགས་ནས་དུས་སྐབས་དེ་དག་སྐྱེལ་མཁན་ནི་ཁོང་གི་བརྩེ་དུང་ཟབ་པའི་ཆུང་མ་ཝ་ཉི་ཧྲ་(Vanessa)དང་ཁོང་གི་གཅེས་པར་འོས་པའི་བུ་མོ་གཉིས་རེད། ཁོ་པི་དང་ཁོང་གི་ཆུང་མ་ཝ་ཉི་ཧྲ་བར་གྱི་བརྩེ་དུང་ཡང་ཁོང་གི་ཆེད་ལས་ལག་རྩེད་སྤོ་ལོའི་ལོ་རྒྱུས་དང་འདྲ་བར་དཀའ་ཁག་མང་པོ་འཕྲད་པ་མ་ཟད། ཐ་ན་རེ་ཐག་ཆད་པའི་གནས་ཚུལ་ཡང་བྱུང་མྱོང་། འོན་ཏང་མཐར་ཐུག་ཏུ་ཁོང་གཉིས་ཀྱིས་སྔར་བཞིན་ཕན་ཚུན་གཅིག་ལ་གཅིག་རྟེན་དུ་འཚོ་བ་བདམས་ཡོད་པས། འདི་ཡང་ཕན་ཚུན་བར་གྱི་བརྩེ་དུང་ཟབ་མོ་ཡུན་རིང་བརྟན་སྲུང་བྱེད་པ་ཞིག་མ་ཡིན་ནམ།
    【1】  【2】  【3】  【4】  【5】  【6】
    2014ལོའི་ཟླ་12ཚེས་19ཉིན་ཁོ་པི་ཡི་ལག་རྩེད་སྤོ་ལོ་རྒྱག་སྐབས་ཐོབ་པའི་སྐར་གྲངས་བསྡོམས་འབོར་NBAལོ་རྒྱུས་ཐོག་གི་ཨང་གསུམ་པར་སླེབས་པར་རྟེན་འབྲེལ་ཞུ་བའི་མཛད་སྒོ་ཐོག་ཁོ་པི་ཡིས་ལག་ཏུ་རང་གི་ཆུང་མ་དང་བུ་མོ་གཉིས་ཀྱིས་གནང་བའི་དབུགས་ལྒང་བཟུང་ཡོད་པ།
    2014ལོའི་ཟླ་12ཚེས་19ཉིན་ཁོ་པི་ཡི་ལག་རྩེད་སྤོ་ལོ་རྒྱག་སྐབས་ཐོབ་པའི་སྐར་གྲངས་བསྡོམས་འབོར་NBAལོ་རྒྱུས་ཐོག་གི་ཨང་གསུམ་པར་སླེབས་པར་རྟེན་འབྲེལ་ཞུ་བའི་མཛད་སྒོ་ཐོག་ཁོ་པི་ཡིས་ལག་ཏུ་རང་གི་ཆུང་མ་དང་བུ་མོ་གཉིས་ཀྱིས་གནང་བའི་དབུགས་ལྒང་བཟུང་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།