འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་གྱི་ཅིའུ་ཀྲོའུ་ཁོངས་སུ་ས་ཡོམ་རིམ་པ་6.5བྱུང་ནས་མི་9རྐྱེན་ལམ་དུ་ཤོར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་15ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།རི་པིན་གྱི་ཅིའུ་ཀྲོའུ་ཁོངས་སུ་ས་ཡོམ་རིམ་པ་6.5བྱུང་ནས་མི་9རྐྱེན་ལམ་དུ་ཤོར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་14ཉིན་གྱི་དགུང་མོར་རི་པིན་གྱི་ཅིའུ་ཀྲོའུ་ཞུང་པིན་རྫོང་དུ་ས་ཡོམ་རིམ་པ་6.5བྱུང་ནས་ཉུང་མཐའ་ཡང་མི་9རྐྱེན་ལམ་དུ་ཤོར་བ་དང་མི་950ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
         ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་14ཉིན་གྱི་ཆུ་ཚོད་21དང་སྐར་མ་26སྟེང་དུ་(པེ་ཅིང་གི་ཆུ་ཚོད་20དང་སྐར་མ་26སྐབས)རི་པིན་གྱི་ཅིའུ་ཀྲོའུ་ཞུང་པིན་རྫོང་དུ་ས་ཡོམ་རིམ་པ་6.5བྱུང་བ་དང་། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་11ཡོད་ལ། ཅིའུ་ཀྲོའུ་ས་ཁུལ་དུ་ཡོམ་ཚོར་ཧ་ཅང་ཆེ་བ་རེད། དེའི་རྗེས་སུ་འཕྲོ་ལུས་ས་ཡོམ་རྒྱུན་མ་ཆད་པར་བྱུང་ཞིང་། ལྟ་ཞིབ་ཚད་ལེན་བྱས་པ་ལྟར་ན། ས་གནས་དེ་གའི་དུས་ཚོད་ཚེས་15ཉིན་གྱི་སྔ་དྲོའི་ཆུ་ཚོད་8ཀྱི་བར་དུ་ཁྱོན་བསྡོམས་འཕྲོ་ལུས་ས་ཡོམ་ཐེངས་116བྱུང་བ་རེད། 
         རི་པིན་སྲིད་གཞུང་གི་ཆ་འཕྲིན་སྤེལ་བ་ལྟར་ན། ཉུང་མཐའ་ཡང་སྡོད་ཁང་19ས་ཡོམ་ཁྲོད་དུ་རྡིབ་ལོག་བྱུང་བ་དང་མི་མང་པོ་འོག་དུ་འགགས་པའམ་མནན་པ་རེད། ཞུང་པིན་རྫོང་གི་ཉེན་རྟོག་ཕྱོགས་ཀྱིས་བསྡོམ་རྩིས་བྱས་པ་ལྟར་ནས། ས་ཡོམ་ཁྲོད་དུ་མི་9ཤི་བ་དང་མི་950ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་རེད། 
    ༄༅།།རི་པིན་གྱི་ཅིའུ་ཀྲོའུ་ཁོངས་སུ་ས་ཡོམ་རིམ་པ་6.5བྱུང་ནས་མི་9རྐྱེན་ལམ་དུ་ཤོར་བ།
    ༄༅།།རི་པིན་གྱི་ཅིའུ་ཀྲོའུ་ཁོངས་སུ་ས་ཡོམ་རིམ་པ་6.5བྱུང་ནས་མི་9རྐྱེན་ལམ་དུ་ཤོར་བ།
      

    ཕྱོགས་བསྡུས་གསར་འགྱུར།